37185
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། ཕུང་བྱེད་རྫས་སྦྱོར་རླུང་རྟ་ཁ་སྦུབ་མ་རྟ་དམར་གྱི་ངན་སྔགས། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དམ་ཉམས་ཀླན་ཁས་སྐུམ་པའི་ཕྱིར༔ ངན་སྔགས་ཕུང་བྱེད་དམར་པོ་བསྟན༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་ཕྱི་ལོ་ ༡༤༤༢ རབ་བྱུང་བདུན་པའི་ཆུ་ཕོ་ཁྱི་ལོར་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། བསྟན་པ་ལ་གནོད་པའི་མི་ངན་དམ་ཉམས་ཁེངས་དྲེགས་དང་ཕྲག་དོག་ཅན་དེའི་བསོད་ནམས་དབང་ཐང་ཉམས་པར་བྱེད་པའི་ངན་སྔགས་གཏོང་ཚུལ་བསྟན། |