37186
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། ཕུང་བྱེད་སྤུ་གྲིའི་སྐོར། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། དུས་ངན་ཐ་མར་ཐུག་པའི་ཚེ་བདུད་མི་དམ་ཉམས་རྣམས་ཀྱིས་ཆོས་བྱེད་རྣམས་ལ་ཁ་གཏོང་ཞིང་སྒྲུབ་པའི་མཐུ་གཡེལ། རྫས་སྦྱོར་དར་བ་དེ་དག་སེམས་ཅན་གྱི་སྲོག་དང་སངས་རྒྱས་ཀྱི་བསྟན་པའི་སྟེང་དུ་བེད་སྤྱོད་པ་འོང་བས། དེའི་གཉེན་པོར་བཙན་དུག་དང་། རྒྱ་ཚྭ། སུག་སྨེལ། མཚལ་དཀར་ལ་སོགས་པའི་རྫས་བསགས་ནས་བཅའ་གཞི་རྫས་རྣམས་བོངས་ཆེན་བསགས་ཏེ་ཁྲག་ཚིལ་རྒྱུ་ལོང་ཐམས་ཅད་མ་འཆོལ་བར་གྲིབ་མར་བསྐམས་ནས་ལས་སྦྱོར་ལམ་དུ་ཤ་མི་ཟ་བར་བདུད་མི་དམ་ཉམས་རྣམས་ཀྱི་སྟེང་དུ་བརྒྱབས་ནས་རྗེས་ལ་བཤགས་བསྐངས་བྱ་བ་བཅས་བསྟན། |