37195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་སྲིའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་སུ་སྤང་བྱའམ་འདོར་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། མགོ་ལུས་མ་འཛོམས་མཚན་ཉིད་ངན། བྱ་བ་མི་མཐུན་ཕུང་སྲིའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་མཚན་ཉིད་དམ་ངོ་བོ་སྟོན་ཏེ། མགོ་ལུས་སོགས་ལ་ལེགས་པའི་དབྱིབས་དང་རྟགས་མ་འཛོམས་པས་མཚན་ཉིད་ངན་ཞིང་། བྱ་བ་མི་མཐུན་པའི་ཕྱོགས་ལ་མོས་ཏེ་མཐུན་ཕྱོགས་རྣམ་དཀར་གྱི་ལས་ཕུང་བར་བྱེད་པའི་ཕོ་ཡི་རྟེན་གྱི་གྲོགས་ཏེ། དེ་ལྟར་མཚན་དང་མི་ལྡན་པས་སྤང་བྱའི་གྲོགས་སུ་བསྟན་ཏོ། །དེ་ལ་ཡང་ཕུང་སྲི་ཞེས་པ་ནི། སྒོ་གསུམ་བྱ་སྤྱོད་ཀྱི་སྒོ་ནས་བརྗོད་པ་ཡིན་པར་མངོན་ནོ། །
Domain ཆོས་ལུགས།