37214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུན་ཚོགས་གླིང་ཞབས་དྲུང་བློ་བཟང་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ཕྱི་ལོ ༡༨༧༣ ལོར་མཚོ་སྔོན་ཨེར་ཁེ་བཱེ་ལིའི་ས་ཆར་ཡབ་པཱ་ཐོ་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དཀའ་ཆེན་བླ་མའི་མདུན་ནས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། སྐུ་འབུམ་གྱི་གདན་སར་བཀོད། དཔའ་རིས་རབ་འབྱམས་པ་དཀོན་མཆོག་བསྟན་པ་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་བསླབ། བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། མཚན་ཉིད་སོགས་ཐོས་བསམ་མཛད། བཅོ་བརྒྱད་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔགས་གཞུང་ལ་ཐོས་བསམ་གནང་། གྲོ་ཚང་རྒྱུད་པ་བློ་བཟང་བསྟན་པ་ཡར་འཕེལ་ལས་ཚིགས་ཕྱི་མའི་སྡོམ་པ་བཞེས། མཁས་གྲུབ་མང་པོ་ལས་རིག་གནས་དང་། བཀའ་ཆོས་མང་དུ་གསན། རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཕྱི་ལོ ༡༨༩༢ ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲིར་བཞུགས། ཉེར་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཤིང་ལུག་ཕྱི་ལོ ༡༨༩༥ ལོར་སྐུ་གཤེགས། སྐུ་འབུམ་རྒྱུད་པའི་མཁན་རབས་རེ་དགུ་པ་ཡིན། །