37216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུན་ཚོགས་དར་རྒྱས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅོ་ལྔ་བའི་ས་བྱ་ཕྱི་ལོ་ ༡༩༠༩ ལོར་མདོ་སྨད་རེབ་གོང་དུ་སྐུ་འཁྲུངས། ཆུས་ནས་ནས་རབ་ཏུ་བྱུང་ཞིང་དགུང་ལོ་བཅུ་དགུའི་ཐོག་དྷཱི་ཚ་དགོན་དུ་ཞུགས། ཞྭ་དམར་པཎྚི་ཏ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་མཛད་དེ་བཤད་སྒྲུབ་ཟུང་འབྲེལ་གྱིས་དུས་འདའ་བར་བྱས། ཞྭ་དམར་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་མཛད་ཅིང། ཕྱི་ལོ་ ༡༩༥༨ ལོར་དགོན་པའི་ཆོས་སྒོ་བརྒྱབ་པ་ནས་ཟིང་ལིང་དུ་མཁས་དབང་གསུང་རབ་རྒྱ་མཚོ་སོགས་དང་ལྷན་དུ་དཔར་སྐྲུན་ཞུས་དག་གི་བྱ་བ་བསྒྲུབས། རིག་གསར་སྐབས་བ་ཡན་དོར་ཤུལ་སོགས་སུ་བཞུགས། ཕྱི་ལོ་ ༡༩༨༡ ལོར་དྷཱི་ཚར་ཕེབས་དགོན་པ་བསྐྱར་གསོ་དང། འཛིན་གྲྭ་གོང་འོག་ཡོངས་ལ་དཔེ་ཁྲིད་སོགས་འཆད་ཉན་བཤད་སྒྲུབ་རྨང་ནས་གསོ་བའི་ཁུར་འགན་རྐང་བཞེས་མཛད་ཅིང། རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ཕྱི་ལོ་ ༡༩༩༠ ལོར་སྐུ་གཤེགས།
Synonyms ཨ་ཁུ་ཞོ་འོང་ཚང་།

{{#arraymap:ཕུན་ཚོགས་དར་རྒྱས་རྒྱ་མཚོ་

|; |@@@ | | }}