37222

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུན་ཚོགས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་སྨད་དུ་ཙོང་ཆུའི་གཡས་བརྒྱུད་ཀ་རིང་ལྷ་ཁང་གི་ཉེ་འདབས་སུ་གཡུང་བའི་རིགས་སུ་འཁྲུངས། དགུང་ལོ་བརྒྱད་པར་ཤེས་རབ་ཆོས་ལྡན་དགེ་རྒན་དུ་བསྟེན། ཡི་གེ་འབྲི་ཀློག་སོགས་བསླབས། ཤེར་ཕྱིན་སུམ་བརྒྱ་བ་དང་། འཇམ་སྡུད་བཟང་གསུམ་ཐུགས་སུ་བཟུང། ཞལ་འདོན་ཉིན་བཞིན་མཛད། རྗེ་མཐོང་བ་དོན་ལྡན་ལས་དགེ་ཚུལ་བསྒྲུབས། མཚན་ལ་ཕུན་ཚོགས་རྣམ་རྒྱལ་ཞེས་བསྩལ། བཅོ་བརྒྱད་པར་དབུས་གཙང་དུ་བྱོན། ལྷོ་ཁའི་མངའ་རིས་གྲྭ་ཚང་དུ་མཁས་གྲུབ་དོན་ལེགས་པ་བསྟེན། བསྡུས་ཚད་ལ་སྦྱངས། འབྲས་སྤུངས་ནས་དབུ་ཕར་དང་། འདུལ་མངོན་ལ་ཐོས་བསམ་མཛད། ཉེར་ལྔ་པར་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། རང་ཡུལ་དུ་བྱོན། ལོ་བཅོ་བརྒྱད་ཀྱི་བར་དུ་མདོ་སྔགས་ཀྱི་གཞུང་ཀུན་ལ་ཐོས་བསམ་མཛད། གསུང་རབ་ལ་ངེས་དོན་གྱི་མཁས་པའི་གོ་འཕང་བརྙེས། ཤར་ཀ་རིང་བཀའ་བཅུ་བ་ཞེས་གྲགས། རབ་བྱུང་བཅུ་པའི་ཆུ་བྱི་ཕྱི་ལོ ༡༦༡༢ ལོར་དགོན་ལུང་གདན་སའི་ཁྲིར་བཞུགས། ལོ་ལྔའི་རིང་འགྲིག་ལམ་དང་། ཀུན་སྤྱོད། ཆོས་འཆད་ཉན་བཅས་ལ་དོ་དམ་མཛད། གཙུག་ལག་ཁང་ཆེན་པ་རྒྱལ་བ་བྱམས་པའི་སྐུ་ཚེ་ཚད་དང་བཅས་པ་བཞེངས། རབ་བྱུང་བཅུ་པའི་ཤིང་བྱི་ཕྱི་ལོ ༡༦༢༤ ལོར་གྲོ་ཚང་དགོན་པ་བཏབ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་དགོན་ལུང་བྱམས་པ་གླིང་གི་དཀར་ཆག་ནང་དུ་གསུངས། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་གཉིས་པ་ཡིན།

{{#arraymap:ཕུན་ཚོགས་རྣམ་རྒྱལ་

|; |@@@ | | }}