37232
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། འདུལ་བ་ཡོངས་རྫོགས་ལྟར་ཕུན་སུམ་ཚོགས་པ་བདུན་ནི། དུས་ཕུན་སུམ་ཚོགས་པ། བསྟན་པ་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། སྒོ་བཞི་མཛོད་ལྔ་ཕུན་སུམ་ཚོགས་པ། བོད་ཁམས་རུ་བཞི་ཕུན་སུམ་ཚོགས་པ། འཚོ་དག་འབྱོར་བ་ཕུན་སུམ་ཚོགས་པ། གང་ཟག་བྱེད་པ་ཕུན་སུམ་ཚོགས་པ་དང་བདུན་ཏེ། དེ་ཉིད་ལས། ཕུན་སུམ་ཚོགས་པ་བདུན་བསྟན་པ། ཞེས་པ། བསྐལ་བཟང་དུས་འབྱུང་སྟོང་གཉིས་སྐྱོང་། ཚེ་ལོ་བརྒྱ་བའི་དུས་འདིར་རྩོད་ལྡན་པ། ༼དུས་ཕུན་སུམ་ཚོགས་བླ་མེད་ཡིན། ༽ བསྟན་པའི་རྒྱུ་འབྲས་ཀུན་ན་སྨྲ། མཐའ་བཞི་ཕྲོམ་སྟག་ནག་དཀར་གྱུར། དར་ནུབ་རིམ་པར་དུས་བཞི་འདྲ། ཐེ་ཚོམ་བློར་འཁྲུགས་བརྟན་པ་མེད། ༼བསྟན་པ་ཕུན་ཚོགས་བླ་མེད་ཡིན། ༽ སྟོན་པ་སྤྲུལ་སྐུ་དུས་འབྱུང་། ཡེ་གཤེན་མུ་ཆོ་ཚེ་ལ་བསྙེམས། དམ་རིགས་སྒ་རྒྱུད་གཤེན་གྱི་བུ། རྒྱ་ཚ་ཀླུ་མིང་བསྟན་པའི་འོག ༼དེ་བཞིན་དེ་འབྱུང་སྟོན་པ་ཕུན་སུམ་བླ་མེད་ཡིན༽ བོན་ཐེག་སྒོ་སྣ་ཚོགས་ཚང་མར་དར། རྒྱུ་འབྲས་བྱེ་བྲག་ཐེག་དགུ་ཡོད། བསྐལ་ཤུགས་འབྱུང་བ་དར་དུས་ནི། སྤང་ངོར་མེ་ཏོག་བརྡོལ་བཞིན་འབྱུང་། ༼སྒོ་བཞི་མཛོད་ལྔ་ཕུན་སུམ་བླ་མེད་ཡིན། ༽ ཡུལ་འཛོམ་གླིང་ཀུན་མཐའ་ཀུན་རུང་། ཁྱད་པར་འཛོམ་གླིང་གཞུང་ཕུགས་ཞབས། རྫིང་ཡུར་ཞིང་གསུམ་བོད་ཁམས་པ། ལྷག་མེད་བཙལ་རྙེད་འབྱོར་བ་ཚང་། སྒྲ་དག་སེམས་གསལ་ཤེས་རབ་མྱུར། ༼བོད་ཁམས་རུ་བཞི་ཕུན་སུམ་བླ་མེད་ཡིན། ༽ འབྱོར་བ་ཀུན་འབྱུང་བ་ལས་སྐྱེ། མ་ཚང་མཐའ་འཁོབ་ཤུལ་ནས་འབྱུང་། བློ་མྲུར་དད་ཀྱང་ཕུལ་ཆུང་བས། ལྕི་བའི་འབྱོར་བ་མེད། ས་བསིལ་སེམས་ཅན་ཉུང་བ་ནི། སྲོག་ལ་དཔའ་ཆས་རང་ཤུགས་ཆུང་། ༼འཚོ་དག་འབྱོར་བ་ཕུན་སུམ་བླ་མེད་ཡིན། ༽ གང་ཟག་བྱེད་པ་གཉིས་འབྱུང་བ། གོང་མ་སྟོན་པ་མྱ་ངན་ལ་འདས་དང་། འོག་མ་མུ་ཆོས་ལུང་ཐོབ་བཞིན། དཔེ་དེ་བཞིན་གོང་མ་ནི། སད་ནེ་ལ་སོགས་བཅོ་བརྒྱད་སྟོན་པའི་དཔེ། འོག་མ་ལས་ཅན་མུ་ཆོའི་དོན། བཀའ་ལུང་བརྒྱུད་མ་ཆད་པར་བྱུང་། དེ་ལ་ལུང་ཐོབ་སྟོན་པ་བཞིན། ༼གང་ཟག་བྱེད་པ་ཕུན་སུམ་བླ་མེད་ཡིན༽། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |