37240
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ མངོན་པར་བྱང་ཆུབ་པའི་ཡོན་ཏན་གྱི་ཁྱད་པར། ༢ སྒྲིབ་པ་མི་མངའ་བའི་ཡོན་ཏན་གྱི་ཁྱད་པར། ༣ འདུལ་བའི་ཐབས་ཀྱི་ཡོན་ཏན་གྱི་ཁྱད་པར། ༤ འདུལ་བ་ལ་སོ་སོར་རྟོག་པའི་ཡོན་ཏན་གྱི་ཁྱད་པར། ༥ སངས་རྒྱས་ཐམས་ཅད་དང་ཕྲིན་ལས་ཀྱི་མཛད་པ་མཐུན་པའི་ཡོན་ཏན་གྱི་ཁྱད་པར། ༦ མི་མཐུན་པའི་ཕྱོགས་སྤང་བའི་ཡོན་ཏན་གྱི་ཁྱད་པར། ༧ མུ་སྟེགས་ཅན་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར། ༨ བདུད་ཟིལ་གྱིས་གནོན་པའི་ཡོན་ཏན་གྱི་ཁྱད་པར། ༩ ཆོས་བསྟན་པ་རྣམ་པར་འཇོག་པའི་ཡོན་ཏན་གྱི་ཁྱད་པར། ༡༠ དུས་གསུམ་ལུང་སྟོན་པ་ཡོན་ཏན་གྱི་ཁྱད་པར། ༡༡ དགའ་ལྡན་གྱི་ཕོ་བྲང་ནས་འབབ་པ་ལ་སོགས་པ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར། ༡༢ མཚན་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར། ༡༣ འབྲས་བུ་ཐོབ་པའི་ཡོན་ཏན་གྱི་ཁྱད་པར། ༡༤ ཡོན་ཏན་མི་ཟད་པའི་ཡོན་ཏན་གྱི་ཁྱད་པར། ༡༥ ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་ཡོངས་སུ་འཛིན་པའི་ཡོན་ཏན་གྱི་ཁྱད་པར། ༡༦ སངས་རྒྱས་ཀྱི་གདུང་མི་འཆད་པར་སྦྱོར་བའི་ཡོན་ཏན་གྱི་ཁྱད་པར། ༡༧ སངས་རྒྱས་ཀྱི་རང་བཞིན་གྱི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར། ༡༨ སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བཞུགས་པའི་ཡོན་ཏན་གྱི་ཁྱད་པར། ༡༩ ཐེ་ཚོམ་གྱི་རྣམ་པ་ཐམས་ཅད་གཅོད་པའི་ཡོན་ཏན་གྱི་ཁྱད་པར། ༢༠ ཐེག་པ་ཐམས་ཅད་ཀྱིས་འདུལ་བ་དེ་དག་ལ་སྣང་བའི་སྐུ་ཀུན་ཏུ་སྟོན་པའི་ཡོན་ཏན་གྱི་ཁྱད་པར། ༢༡ ཤིན་ཏུ་རྣམ་པར་མཁྱེན་ནས་ཅི་རིགས་པར་གདམས་ངག་སྩོལ་བའི་ཡོན་ཏན་གྱི་ཁྱད་པར། |
| Domain | ཆོས་ལུགས། |