37257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་དཀར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐལ་སྐྱ་ཤིང་རྒྱུ་འདྲ་བ། སྡོང་པོ་དཀར་ལ་འདྲོང་བ་ཁྲུ་གང་ཙམ་མང་པོ་མཉམ་དུ་སྐྱེ་བ་དང༌། ལོ་མ་སྐྱ་ལ་སིབ་པ་སྤུ་ཆུང་ཅན་ཡལ་ག་དང་སྡོང་པོའི་གཡས་གཡོན་དུ་ཁ་སྤྲོད་དུ་རིམ་པར་སྐྱེ་བ། ཡལ་སྡོང་གི་སྟོད་ཆར་མེ་ཏོག་སེར་ཆུང་མང་པོ་སྐྱེ་བ། འབྲས་བུ་ནག་ཞིབ་ཡལ་སྡོང་གི་སྟོད་ཆ་ཁེངས་པ། དྲི་ཞིམ་པ་སྟེ་ཕུར་དཀར་བདུད་རྩི་ཟིལ་བ་ཟེར་བ་དེའོ། བོད་ཀྱི་ས་གནས་མང་ཆེ་བའི་སྐམ་ཤས་ཆེ་བའི་རི་ལྡེབས་སུ་སྐྱེ་བ། ལོ་སྡོང་མེ་འབྲས་བཅས་ལྷན་དུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་སྐྲན་ནད་འཇོམས་པ་དང༌། སྲིན་ནད་སེལ་བར་བྱེད་པ་ཡིན།
Domain གསོ་རིག