37265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་པའི་མཚན་ཉིད་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕུར་པའི་མཚན་ཉིད་རྣམ་པ་བཞི་ནི། བཀའ་བརྒྱད་རྣམ་བཤད་ལས། རིག་པ་ཡེ་ཤེས་ཀྱི་ཕུར་པ་དང་། གསང་བ་བྱང་ཆུབ་སེམས་ཀྱི་ཕུར་པ་དང་། ཚད་མེད་སྙིང་རྗེའི་ཕུར་པ་དང་། འདུས་བྱས་རྫས་ཀྱི་ཕུར་པ་བཞི། ཞེས་གསུངས། འདི་བཞི་པོས་གང་ཟག་སྣོད་ཀྱི་རིམ་པར་སྦྱར་ནས་ཉམས་ལེན་མཐར་དབྱུང་བར་བཤད་པ་དང་། ཕུར་པའི་སྒྲུབ་རྫས་བཞིས་སོ་སོའི་གཞུང་བཙུགས་ཏེ་བཤད་པ། སྒྲུབ་ལུགས་ཆེན་པོ་བཞིས་ཕུར་པའི་གཏིང་ཕྱུངས་ཏེ་བཤད་པ་བཅས་རྒྱས་པར་ནི་གཞུང་དུ་གཟིགས་པར་འཚལ།
Domain [ཆོས་ལུགས།, ལྟ་གྲུབ།]