37274

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་བུ་སུམ་འདོམ་ (1)
Part of speech མིང་ཚིག
Definition གཟའ་བཞིའི་ཀླུང་རྩིས་ལས་གཟའ་སུམ་འདོམ་གྱི་ནང་གསེས་ཤིག་སྟེ། དེ་ནི་བརྩི་བྱ་དག་གི་དཀྱུས་མ་ལོའི་དབང་ཁམས་ལ་སྦྱར་བའི་ཕྱི་གཟའ་དང་། ལོ་འགྲོས་རྐྱང་པར་སྦྱར་བའི་བར་གཟའ། སྐྱེས་སྤར་ལ་སྦྱར་བའི་ནང་གཟའ་བཅས་གསུམ་ཀ་བཏགས་གཟའ་ཕུར་བུ་ཡིན་པ་ལ་ཟེར་ཞིང་། བརྩི་ཚུལ་གཞན་ལྟར་ན་ཕྱི་གཟའི་ཚབ་ཏུ་གཟའ་བཞིའི་ཀླུང་རྩིས་མ་ལ་གཙོ་ཆེར་བརྩི་བས་མའི་རང་ལོའི་བར་གཟའམ། ཡང་ན་ཕའི་རང་ལོའི་བར་གཟའ་ཕུར་བུ་ཡིན་ཡང་རུང་བ་ཡིན། བརྩི་བྱ་དེ་རིགས་ལ་དགྲ་དང་ཁ་སྨྲས་མང་པོ་འོང་། རང་ཉིད་ཚེ་རིང་ཡང་སྤུན་ཟླར་གྲི་འཁོར། ཚེ་སྟོད་དུ་ནོར་ལ་གང་སྟོངས་ཆེ། བར་དུ་སྐྱིད་ཀྱང་ཐ་མར་སྟོངས། གཤིན་རྗེ་ནག་སྨུག་འགོ། ས་བདག་རྒྱལ་འགོང་གནོད། ཕ་མ་གཉིས་ལ་བྱེ་བྲལ་འོང་། གཟའ་འདི་རང་ལ་ཁྱིམ་མི་དབུབ། ཐ་མར་འཐིབས་གྲི་བསུབས་གྲིས་འཆི་བས། བཅོས་སུ་ལྷོ་ནུབ་མཚམས་སུ་དོང་བྲུས་ནས་ཐོད་པ་དང་ཤིང་སྣ་མང་པོ་གནན་དགོས་ལ། ཁོན་གིས་གཉིས་ཀྱི་རྩ་གཏོ་ཡང་བྱ་དགོས། གལ་སྲིད་བརྩི་བྱའི་ལོ་ཁམས་ཤིང་བྱི་ཡིན་པར་ཆ་བཞག་ན། དབང་ཁམས་ཤིང་དང་ལོ་འགྲོས་བྱི་བར་སྦྱར་བའི་ཕྱི་བར་གྱི་གཟའ་གཉིས་ཕུར་བུ་ཡིན་ལ། དེའི་ཁར་བརྩི་བྱ་དེ་སྐྱེས་པ་ཡིན་ན་སྐྱེས་སྤར་ཁེན་ནམ་ཟོན་དང་། བུད་མེད་ཡིན་ན་སྐྱེས་སྤར་གིན་ནམ་ཁོན་ཡིན་ན། དེར་སྦྱར་བའི་ནང་གཟའ་ཡང་ཕུར་བུ་ཡིན་པས་ཕུར་བུ་གསུམ་འདོམ་པ་ལྟ་བུའོ། །
Domain རྩིས་རིག