37288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་ལྕོག་བྱམས་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཤིང་བྱ་ཕྱི་ལོ ༡༨༢༥ ལོར་ཁམས་རྫ་ཆུ་ཨོར་ཏོག་གི་འབྲོག་ཡུལ་དུ་ཡབ་བྱམས་ཆོས་དང་། ཡུམ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་དབུས་སུ་གདན་དྲངས། ཕུར་ལྕོག་རི་ཁྲོད་དུ་བཞུགས། གནས་བླ་མ་ལས་ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་སྦྱངས། བཅུ་པར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་ལ་བྱམས་པ་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། པཎ་ཆེན་བསྟན་པའི་ཉི་མ་ལས་དགེ་ཚུལ་བསྒྲུབས། ཡོངས་འཛིན་དགེ་བཤེས་གྲགས་པ་བརྩོན་འགྲུས་ལས་བཀའ་པོད་ལྔ་སྦྱངས། ཉི་ཤུ་པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བསྒྲུབས། ཉེར་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་གྲྭ་སྐོར་གནང། སོ་བདུན་པར་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་མཛད། ང་གསུམ་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་བཞུགས། བསྙེན་རྫོགས་ཀྱི་མཁན་སློབ་སྦྲགས་མ་ཡང་གནང། མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་མང་པོ་ཕུལ། དོན་བདུན་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ ༡༩༠༡ ལོར་སྐུ་གཤེགས། གསུང་རྩོམ་ནི་རིགས་ལམ་ཆེ་བའི་རྣམ་བཤད་དང་། རྒྱལ་བ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང་། ཨ་ཕྱིའི་གསོལ་མཆོད་བཅས་ཆོས་ཚན་ཞེ་བཞི་ལོངས་པའི་པོད་གཉིས་བཞུགས།