37291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་སྨུག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཕུང་མོང་རིགས་གསུམ་གྱི་ནང་གསེས་ཤིག་ཡིན། རྩ་བ་ཐལ་སྐྱ་ཤིང་རྒྱུ་འདྲ་བ། སྡོང་པོའི་ཤུན་པ་སེར་སྐྱ་ཕྱི་ནང་རིམ་པ་མང་ཞིང་ལོ་མ་ལྗང་ནག་རྒྱབ་ལྗང་སྐྱ་སྤུ་འཇམ་ཅན་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་རྒྱ་སྨུག་ཆུང་ལ་མང་བ་བང་རིམ་དུ་ཡལ་སྡོང་གི་རྩེར་འཆར་བ་དྲི་མ་དུགས་པ་ཞིག་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་རི་ཐང་མཚམས་དང༌། གྲོག་རོང་གི་གཡས་གཡོན། ཞིང་མུ་སོགས་སུ་སྐྱེ་བ་མང༌། ལོ་སྡོང་མེ་ཏོག་བཅས་ལྷན་དུ་བོད་ཟླ་དྲུག་པའི་ནང་བཏུས་ཏེ། གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་གག་ལྷོག་སོགས་གཉན་རིམས་ཀྱི་ནད་རིགས་དང༌། རྒྱུ་སྲིན་རིགས་ཀྱི་གླང་ཐབས། རིམས་ནད། དེ་མིན་ཤུ་ཐོར་དང༌། གཉན་སྐྲངས་སོགས་ལ་ཕན་པ་ཡིན།
Domain གསོ་རིག