37298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུལ་དུ་མཁས་པས་དབྱུང་བར་བསླབ་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཕུལ་དུ་མཁས་པས་དབྱུང་བ་རི་རབ་ལྷུན་པོའི་རྩེར་ཕྱིན་པ་ལྟར་བཤད་པའི་ཚུལ་ནི། ཀུན་འདུས་རིག་པའི་མདོ་ལས། ཇི་ལྟར་རི་མཐོན་རྩེ་མོ་ལ། །སྒྱིད་མི་ལུག་པར་བརྩོན་འཛེགས་ན། །མཐོ་སར་ཕྱིན་ཅིང་རྩེ་ནོན་པས། །ཡུལ་ཁམས་རྟོགས་ཤིང་ལམ་ལ་མཁས། །དེ་བཞིན་ཤེས་རབ་མཐོན་རེ་ལ། །སྒྱིད་མི་ལུག་པར་མཉན་བསམ་ན། །ཀུན་གྱི་ཕུལ་དུ་ཤེས་རབ་ཕྱིན། །མཁས་པའི་ཡེ་ཤེས་ཚད་མེད་དོ། །དོན་ལ་མཁས་པར་བྱ་བ་དེ། །ཕུལ་དུ་དབྱུང་བའི་བསླབ་པ་སྟེ། །ཤེས་རབ་ཆེན་པོ་འདི་དག་ལ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་རེ་དགུ་པར་གསལ།
Domain ཆོས་ལུགས།