37301
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བརྒྱད་པ་སྟེ། དཔེ་དང་དཔེ་ཅན་གཉིས་རྟེན་ནམ་གནས་གཞི་ཐ་དད་པའི་ཁྱད་པར་ཡོད་པ་ཙམ་མ་གཏོགས། དེ་གཉིས་ཁྱད་ཆོས་ཀྱི་སྒོ་ནས་མི་འདྲ་བའི་ཁྱད་པར་མེད་ཅེས། དཔེ་དང་དཔེ་ཅན་གཉིས་ལ་སྤྱིར་མི་འདྲ་བའི་ཁྱད་པར་ཡོད་ཀྱང་། སྐབས་དེར་དེ་གཉིས་མི་འདྲ་བ་ཁྱད་པར་གཞན་ཅི་ཡང་མེད་པར་བརྗོད་པ་ཞིག་ཡིན། |
| Example | བོད་མཁས་པས། ཁྱོད་ཀྱི་འདྲེན་བྱེད་དཔལ་ནི་ཁྱོད་གདོང་ལ། །མཐོང་ཞིང་ཨཏྤལ་ནགས་ཀྱི་རྫིང་བུར་ཏེ། །གཞན་པའི་ཁྱད་པར་འབྱེད་ཆོས་ཞིབ་མོས་བློས། །ལན་བརྒྱར་བརྟགས་ཀྱང་དམིགས་སུ་ཡོད་མིན་ནོ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |