37341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོ་ (1)
Part of speech མིང་ཚིག
Definition མི་དང་སེམས་ཅན་ཕོ་རིགས།
Keyword True
Example མོ་ལས་ཕོ་ལུས་སྟོབས་ཆེ། རྟ་ཕོ། ཕོ་ལུག ཕོ་ཁྱི། ཕོ་བྱ་ལྟ་བུ། ལྡོག་ཚིག མོ།
ཕོ་ (2)
Part of speech མིང་ཚིག
Definition སྐྱེ་རྒྱུན་ཕྱི་མ་སྤེལ་བར་སེམས་ཅན་ཕོ་དང་བྱེད་ལས་མཚུངས་པའི་རྩི་ཤིང་གི་རིགས།
Example ཕོ་ཤིང། ཕོ་ལྕང་ལྟ་བུ།
ཕོ་ (3)
Part of speech མིང་ཚིག
Definition ལུས་ཀྱི་ཕོ་བ་ཡི་བསྡུས་ཚིག
Example ཕོ་ན་ནས་སྨན་ཁང་དུ་སོང་། ཕོ་ལྟོགས་མི་ཉན་ལྟ་བུ།
ཕོ་ (4)
Part of speech མིང་ཚིག
Definition དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཉིས་ཀྱི་ནང་ནས་གསལ་བྱེད་ཀྱི་ཡི་གེ་རྣམས།
Domain སྒྲ་རིག་པ།
ཕོ་ (5)
Part of speech མིང་ཚིག
Definition གསལ་བྱེད་སུམ་ཅུའི་ནང་ནས་ཀ་ཅ་ཏ་པ་ཙ་ལྔ་ཕོ་ཡིན་ལ། དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི། ཡི་གེ་དེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་པ་དང་། སོ་དང་། མཆུ་དང་། རྐན་སོགས་ལ་བྱེད་རྩོལ་གྱི་ཤུགས་ཆེ་ཆུང་ངམ་གྲིམས་ལྷོད་ཀྱི་དབང་གིས་ཤུགས་ཆེ་བའམ་གྲིམས་པས་ན་ཡིན།
ཕོ་ (6)
Part of speech མིང་ཚིག
Definition སྔོན་འཇུག་ལྔའི་ནང་ནས་བ་ཡིག་ཕོ་ཡིན་ལ། དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི། སྔོན་འཇུག་གི་བ་ཡིག་དེ་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་བའི་ཆ་ནས་བཞག་པ་ཡིན།
ཕོ་ (7)
Part of speech མིང་ཚིག
Definition རྗེས་འཇུག་བཅུའི་ནང་ནས་ག་ད་བ་ས་བཞི་ཕོ་ཡིན་ལ། དེ་ལྟར་ཕྱེ་བའི་རྒྱུ་མཚན་ནི་རྗེས་འཇུག་གི་ཡི་གེ་དེ་ཉིད་མིང་གཞིའི་ཡི་གེ་གང་ལ་ཞུགས་པ་ལས་བརྗོད་པའི་སྒྲ་གདངས་དྲག་པར་འགྱུར་བའི་ཆ་ནས་བཞག་པ་ཡིན།
ཕོ་ (1)
Part of speech བྱ་ཚིག
Definition འབོ་ཡི་འདས་པ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [དབོ།]
Present [འབོ།]
Past [ཕོ།]
Imperative [ཕོས།]