37425
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡོན་ཏན་དཔལ་གྱི་སྣག་དབོན་སྤྱན་སྔ་ཆོས་ཀྱི་རྒྱལ་མཚན་ནི་བྱང་ཆུབ་མགོན་པོའི་དྲུང་དུ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་རྒྱལ་མཚན་དུ་གསོལ། འབའ་རོམ་ནས་བརྒྱུད་པ་ཐམས་ཅད་གསན། ལྕགས་ཕོ་བྱི་བའི་ལོ་ལ་ཆོས་རྒྱལ་མཚན་ནང་ཆེན་ནང་གི་ཁྲི་ལ་བཞུགས། ནམ་མཁའ་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་མདུན་ནས་རབ་ཏུ་བྱུང་ཞིང་གདམས་པ་ཐམས་ཅད་གསན་ནས་ཕོ་བྲང་ནང་སོ་ཆེན་མོའི་གདན་ས་མཛད། བསམ་འགྲུབ་རྒྱ་མཚོ་ཀརྨ་པ་དེ་བཞིན་གཤེགས་པའི་མདུན་ལ་རབ་ཏུ་བྱུང༌། ཀརྨ་ཀུན་དགའ་དཔལ་བཟང་པོའི་མཚན་དང༌། གསེར་གྱི་ཐམ་ཁ་ཆེན་པོའི་ཐམ་ཁའི་ཁ་རིས་ལ། ཀྭན་ཏིང་ཙིང་ཀྱའི་ཤིན་ཧུའི་ཤེ་གཽ་ཝེ་ཤྲཱི། བོད་སྐད་དུ་བཀྲོལ་ན། སྤྱི་བོ་ནས་དབང་བསྐུར་བ་ཆེན་པོ་རྒྱལ་ཁམས་ཀྱི་བླ་མ་ཆོས་ཁྲིམས་འཆའ་བའི་རྒྱལ་པོ་ཞེས་སོ། གསེར་ཐམ་འདི་གོང་ནས་ཀརྨ་པས་མི་ཆེན་བཅུ་གསུམ་གྱི་ལས་ཀ་བསྣམས་པ་ལས་གཉིས་ནང་ཡ་གཉིས་དང༌། གཞན་རྣམས་འབྲི་གདན་སོགས་ལ་གནང་བ་ཡིན། ལས་ཀ་དང༌གོས་ཆེན་དེང་ཕོན་ལས་གྲུབ་པའི་བླ་བྲེས། སྟག་མགོ་ནོར་བུ་གསུམ་པ་སོགས་འཇིག་རྟེན་གྱི་གནང་བ་རྒྱ་ཆེན་པོ་དང་བཅས་ཏེ་གདན་སར་བསྐོས། ལུགས་གཉིས་ཀྱི་བཀའ་ཁྲིམས་བཟུང་བའི་གོ་གནས་གནང་ནས། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་དགོས་པ་དང་ཡར་ཕྱིན་གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པའི་བཀའ་ཁྱབ་གནང་ལྷ་ཁང་དང་དགོན་པའི་འཛིན་སྐྱོང་དཔེ་མེད་མཛད། གསེར་གྱི་བཀའ་བསྟན་འགྱུར་བཞེངས། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། ཆོས་དཔལ་བཟང་པོ་ཀུན་དགའ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང༌། སྔར་སྲོལ་གྱི་གདམས་པ་ཐམས་ཅད་རྫོགས་པར་གསན་གདན་ས་མཛད། སངས་རྒྱས་གྲགས་པ་ཆོས་དཔལ་བཟང་པོ་ལས་རབ་ཏུ་བྱུང༌། འབའ་རོམ་ནས་བརྒྱུད་པའི་ཡབ་མེས་ཀྱི་གདམས་པ་ཐམས་ཅད་གསན། སྟག་ལུང་དུ་བྱོན། ངག་དབང་གྲགས་པ་དང་མཇལ། གདམས་པ་སྤྱི་དང་ཁྱད་པར་མགོན་པོ་ཕྱག་བཞི་པའི་སྐོར་མ་ལུས་པ་གསན། ལོ་བཅུ་གཉིས་སུ་བཞུགས། ཕུང་བྱེད་ནོར་བུ་གཟི་འབར། ཡ་གསུམ་སྟོད་མའི་རྫོང་དང་བཅས་གདན་སར་བསྐོས། སྒྲུབ་པ་དང་ཉམས་ལེན་གཙོར་མཛད། གཅོད་པ་རྒྱལ་གྱི་སྲས་གོ་ཤྲཱི་ཆོས་དཔལ་གྲགས་པ་དང༌། ཆོས་སྐྱོང་སྐྱབས་གཉིས། འདི་གཉིས་ཀྱིས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དཔལ་གཞུང་དུ་སྤྱན་དྲངས། ཁྲི་རྭ་ཅན་གྱི་འབུལ་བ་བྱས། དབང་ཁྲིད་རྫོགས་པར་གནང༌། གོ་ཤྲཱི་ལས་ཀ་དང་ཤེལ་ཐམ་ཟང་ཟིང་གི་གནང་སྦྱིན་བཅས་གདན་སར་བསྐོས རིན་མགོན་གོ་ཤྲཱི་ཆོས་དཔལ་གྲགས་པ་ལས་རབ་བྱུང་མཛད། བརྒྱུད་པའི་གདམ་པ་མ་ལུས་གསན་བཞེས་མཛད། ནང་སོ་ཆེན་མོའི་ཁྲིར་བཞུགས། བསོད་ནམས་དཔལ་ལྡན་ལ་ཀརྨ་པ་དབང་ཕྱུག་རྡོ་རྗེ་སྐུ་འབུམ་དུ་སྤྱན་དྲངས་སྐབས། གཽ་ཤྲཱིའི་ལས་ཀ་གནང། ཆོས་ཁྲིར་མངའ་གསོལ། ཀུན་དགའ་གྲགས་པའི་སྲས་བསོད་ནམས་རྣམ་རྒྱལ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་རྗེས་སུ་བཟུང༌། ཀྭན་ཏིང་གོ་ཤྲཱིའི་ལས་ཀ་གནང་ཆོས་ཁྲིར་འཁོད། བསོད་ནམས་རྣམ་རྒྱལ་གྱི་སྐུ་མཆེད་ཀུན་དགའ་རྒྱལ་པོའི་སྲས་བློ་གྲོས་རྒྱལ་པོ་དང་གོ་ཤྲཱི་ཀརྨ་རབ་བརྟན་གཉིས་ཀྱི་སྐུ་དུས་སུ་སྨར་ཁམས་ནས། བེ་རུ་སྨད་མའི་བུ་བེ་རུ་དོན་ཡོད་ཀྱིས་དམག་སྐུ་འབུམ་དགོན་དུ་སླེབས། ཡུན་རིང་འཁྲུགས་ཤིང་མཐའ་མ་འཁྱོལ། འགྲོ་མགོན་ཏི་རས་ཀྱི་ལུང་བཞིན་ལྕི་གསང་རྫོང་མགོར་སྒར་བཏབ། དེར་གནས་སྤོས་ནས་བཟུང་སྔོན་གྱི་ལུགས་སྲོལ་ལ་བུ་གཅིག་ངེས་པར་དུ་རབ་ཏུ་བྱུང་ནས་གདན་ས་འཛིན་གྱི་ཡོད་པ་དེ་མ་མཛད་ནས་གཙོ་བོ་སྲིད་ཀྱི་མཛད་འཕྲིན་བསྐྱངས། ནང་ཆེན་ཚང་གི་གདུང་རྒྱུད་མ་ཉམས་པར་ད་ལྟ་ཡང་བཞུགས་ཡོད་པའོ།། |
{{#arraymap:ཕོ་བྲང་ནང་སོ་ཆེན་མོར་གདན་རབས་
|; |@@@ | | }}