37491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་སྦྲུལ་ཕྱི་ལོ་ ༡༦༨༩ ལོར་རྒྱལ་རྩེའི་ཡུལ་དུ་ཡབ་པདྨ་རྒྱལ་པོ་དང་། ཡུམ་སྒྲོལ་མ་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་རིག་རྩལ་རྫོགས། སྒྱུ་རྩལ་ལ་བྱང་བ་ཞིག་ཡིན། རྒྱལ་པོ་ལྷ་བཟང་ཧཱན་གྱིས་བོད་ལ་དབང་བསྒྱུར་སྐབས་བློ་དཀར་བས་དམག་དཔོན་དུ་བསྐོས། སྐབས་དེར་ཇུན་གར་གྱི་དུས་ཟིང་སློང་བར་མདུང་རྩེ་ཁ་སྤྲོད་གྱིས་འཐབ་པས་མཛད་རྗེས་ཆེན་པོ་བཞག། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོར་བཀའ་བློན་གྱི་འགན་ཁུར། ཕྱི་ལོ་ ༡༧༢༧ ལོར་ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་བསོད་ནམས་རྒྱལ་པོ་བཀྲོངས། གཙང་དང་སྟོད་མངའ་རིས་ཀྱི་དམག་མི་དགུ་སྟོང་དང་ལྷན་ལྷ་སར་འོངས། ང་ལུམ་སྦྱར་གསུམ་ཕམ་པར་མཛད། ཕྱི་ལོ་ ༡༧༢༨ ལོར་ཆིན་གོང་མས་ཇུན་ལང་ཞེས་པ་ཕུལ། བོད་ཀྱི་སྲིད་སྐྱོང་གི་འགན་ཁུར། ལོ་ཉི་ཤུ་རིང་སྲིད་སྐྱོང་མཛད། ཕྱི་ལོ་ ༡༧༣༠ ལོར་དཔལ་སྣར་ཐང་དགོན་དུ་བཀའ་འགྱུར་པར་ཤིང་དང་། ཕྱི་ལོ་ ༡༧༤༡ ལོར་བསྟན་འགྱུར་པར་ཤིང་བཅས་བཞེངས། རབ་བྱུང་བཅུ་གསུམ་པའི་མེ་ཡོས་ཕྱི་ལོ་ ༡༧༤༧ ལོར་སྐུ་གཤེགས།

{{#arraymap:ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་

|; |@@@ | | }}