37536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོངས་ཤིང་འདོད་པ་ལ་སྦྱིན་པ་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་ཟས་དང་སྐོམ་གྱིས་ཕོངས་ཤིང་འདོད་པ་རྣམས་ལ་ཟས་དང་སྐོམ་སྦྱིན་པར་བྱེད་པ། བཞོན་པ་འདོད་པ་རྣམས་ལ་བཞོན་པ། གོས་འདོད་པ་རྣམས་ལ་གོས། རྒྱན་འདོད་པ་རྣམས་ལ་རྒྱན། སྣོད་སྤྱད་རྣམ་པ་འདོད་པ་རྣམས་ལ་སྣོད་སྤྱད་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་པ། སྤོས་དང་མེ་ཏོག་ཕྲེང་དང༌། བྱུག་པ་འདོད་པ་རྣམས་ལ་སྤོས་དང་མེ་ཏོག་ཕྲེང་དང༌། བྱུག་པ་སྦྱིན་པ། གནས་འདོད་པ་རྣམས་ལ་གནས། སྣང་བས་ཕོངས་ཤིང་འདོད་པ་རྣམས་ལ་སྣང་བ་སྦྱིན་པར་བྱེད་པའོ། །
Domain ཆོས་ལུགས།