37537
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སེམས་ཅན་ངོ་ཚ་བར་བྱ་བའི་གནས་རྣམས་ལ་ངོ་ཚ་བ་མེད་པའི་ཀུན་ནས་དཀྲིས་པས་ཀུན་ནས་དཀྲིས་པ་རྣམས་ཀྱི་ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། ངོ་ཚ་མེད་པའི་ཀུན་ནས་དཀྲིས་པ་ཇི་ལྟ་བ་དེ་བཞིན་དུ་ཁྲེལ་ཡོད་པར་བྱ་བ་རྣམས་ལ་ཁྲེལ་མེད་པའི་ཀུན་ནས་དཀྲིས་པ་སེལ་བྱེད། སྤོང་བར་བྱེད་པ། རྨུགས་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། གཉིད་ཀྱི་ཀུན་ནས་དཀྲིས་པ་དང༌། རྒོད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། རྒོད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། འགྱོད་པའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། ཕྲག་དོག་གི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པ། སེར་སྣའི་ཀུན་ནས་དཀྲིས་པ་སེལ་བར་བྱེད། སྤོང་བར་བྱེད་པའོ། ། |
| Domain | ཆོས་ལུགས། |