37539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོངས་ཤིང་འདོད་པའི་བསམ་གཏན་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། དུག་དང༌། ཐོག་དང༌། རིམས་དྲག་པོ་དང༌། འབྱུང་པོ་དང༌། གདོན་ལ་སོགས་པའི་གནོད་པ་ཡང་དག་པར་ཞི་བ་སྒྲུབ་པའི་གསང་སྔགས་རྣམས་བྱིན་གྱིས་རློབ་པའི་བསམ་གཏན། ཁམས་འཁྲུགས་པ་ལས་གྱུར་པའི་ནད་རྣམ་པ་སྣ་ཚོགས་རྣམ་པར་ཞི་བར་བྱེད་པའི་བསམ་གཏན། མུ་གེའི་ངུ་འབོད་ཆེན་པོ་དག་འབྱུང་བའི་ཚེ་ཆར་སྒྲུབ་པར་བྱེད་པའི་བསམ་གཏན། མི་དང་མི་མ་ཡིན་པས་བྱས་པའི་འཇིགས་པ་སྣ་ཚོགས་ཆུ་དང་སྐམ་ལ་ཡོད་པ་རྣམས་ལས་ལེགས་པར་ཡོངས་སུ་བསྐྱབ་པའི་བསམ་གཏན། དེ་བཞིན་དུ་འབྲོག་དགོན་པ་ན་གནས་པ་ཟས་དང༌། སྐོམ་གྱིས་ཕོངས་པ་རྣམས་ལ་ཟས་དང་སྐོམ་ཉེ་བར་སྒྲུབ་པའི་བསམ་གཏན། དབུལ་བ་ལོངས་སྤྱོད་མེད་པ་རྣམས་ཀྱི་ལོངས་སྤྱོད་ཉེ་བར་སྒྲུབ་པའི་བསམ་གཏན། ཕྱོགས་བཅུ་དག་ན་སེམས་ཅན་བག་མེད་པ་རྣམས་ལ་ལེགས་པར་བསྐུལ་བའི་བསམ་གཏན། སེམས་ཅན་གྱི་བྱ་བ་བྱུང་ངོ་ཅོག་ལེགས་པར་བྱ་བའི་བསམ་གཏན་ནོ། །
Domain ཆོས་ལུགས།