37583

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོལ་མིག་ (1)
Part of speech མིང་ཚིག
Definition ཕོལ་མིག་ནི་འཁོར་ལོའི་བརྡ་རྙིང་ཡིན་པས། དེ་དང་དབྱིབས་འདྲ་བོ་འབྱུང་བའི་པགས་ནད་ཀྱི་རིགས་གནས་གང་དུ་ཕོག་ན། དེར་འཁོར་ལོ་ལྟར་སྒོར་མོའི་ནང་དུ་འབྲུམ་པ་ཕྲ་མོ་མང་དུ་འབྱུང་ཞིང་ཟ་འཕྲུག་ལྡང་བ་ཞིག
Domain གསོ་རིག
ཕོལ་མིག་ (2)
Part of speech མིང་ཚིག
Definition འཁོར་ལོའི་མིང་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། ཕོལ་མིག་ལ་ནི་འཁོར་ལོའང་ཟེར་ཞེས་གསུངས།
Type བརྡ་རྙིང་།
ཕོལ་མིག་ (3)
Part of speech མིང་ཚིག
Definition རྨའི་བྱེ་བྲག་འབྲུམ་བུ་ཕྲ་མོའི་མིང་དུ་བཤད།