3759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྭ་ (1)
Part of speech མིང་ཚིག
Definition བྱ་ནག་པོ་ཕོ་རོག་ལས་ཆུང་ཞིང་ཤིང་སྡོང་ལ་ཚང་བཅའ་བ་ཞིག་གི་མིང་། དེ་ལ་བྱ་རོག་ཆུང་བ་དང་ཁྭ་ཏ་ཡང་ཟེར།
ཁྭ་ (2)
Part of speech མིང་ཚིག
Definition དཔྱ་ཁྲལ་གྱི་དོན་ཏེ། དག་ཡིག་ལེགས་བཤད་ཚིག་གཏེར་ལས། ཁྭ་བ་ནི་དཔྱ་བ། ཞེས་གསུངས།
Example སྟོད་ལུང་མཚུར་ཕུའི་རྡོ་རིང་གི་ཡི་གེ་ལས། ལྷ་རིས་ཀྱི་འབངས་དང༌། དཀོར་ལ། ཁྲལ་མི་དབབ་པ་དང༌། ཁྭ་དང་ཆད་ཀ་མྱི་བཞེས་པ་ལས་སྩོགས་པ་ཞེས་པ་ལྟ་བུ།
Type བརྡ་རྙིང་།