37600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ (1)
Part of speech མིང་ཚིག
Definition ལག་པ།
Example བླ་མའི་ཕྱག ལྷའི་ཕྱག ཨ་མའི་ཕྱག་ལྟ་བུ།
Type ཞེ་ས།
ཕྱག་ (2)
Part of speech མིང་ཚིག
Definition ལུས་ངག་ཡིད་གསུམ་གྱིས་གུས་འདུད་བྱེད་ཚུལ་ཞིག
Example སྟོན་པའི་སྣང་བརྙན་ལ་ཕྱག་འཚལ་ལྟ་བུ།
ཕྱག་ (3)
Part of speech མིང་ཚིག
Definition མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ཀྱི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས།
ཕྱག་ (4)
Part of speech མིང་ཚིག
Definition བཀའ་འགྱུར་རྒྱུད་འབུམ་ན་པར་བཞུགས་པའི་མཆོད་པའི་སྤྲིན་ཞེས་བྱ་བའི་གཟུངས་ཀྱི་སྡེ་ཚན་ཞིག
ཕྱག་ (5)
Part of speech མིང་ཚིག
Definition ངོ་བོ་ནི། སྒོ་གསུམ་དག་པས་ཁྱད་པར་དུ་བྱས་པའི་དགེ་བའོ། །ངེས་ཚིག་ནི། བག་ཆགས་དང་སྒྲིབ་པ་ཕྱག་པས་ཕྱག་ཅེས་བྱའོ། །དབྱེ་བ་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ལུས་ངག་ཡིད་གསུམ་གྱི་ཕྱག་གམ། ཡང་ན་ལོངས་སྤྱོད་རྒྱན་གྱི་ཕྱག་དང་། མོས་པ་ཏིང་འཛིན་གྱི་ཕྱག འདྲེས་པ་ནན་ཏན་གྱི་ཕྱག སྐྱེ་འགག་མེད་པ་ཡེ་ཤེས་ཀྱི་ཕྱག་དང་བཞི་རུ་བཤད་དོ། །དང་པོ་སྒོ་གསུམ་གྱི་ཕྱག་སྟེ། ལུས་ཀྱི་ཕྱག་བགྱིས་ཡན་ལག་ལྔ་ཆར་བཏུད། ངག་གིས་ཕྱག་བགྱིས་སྤྲོ་དགའི་དབྱངས་དང་བཅས། ཡིད་ཀྱིས་ཕྱག་བགྱིས་དགའ་རབ་མཆོག་ཏུ་བསྐྱེད། ཅེས་གསུངས་པ་ལྟར། དང་པོ་ལུས་ཀྱི་ཕྱག་འཚལ་ཚུལ་དེ་ཡང་ཕྱག་གི་ཡུལ་ལ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ནམ་ཡང་ན་ཡུལ་ཁྱད་པར་ཅན་གང་ཞིག་ཡིད་ཀྱིས་བསམ་པའམ་སྤྲུལ་པ་གང་དག་གི་དྲུང་དུ་རང་ཉིད་ཀྱི་ལུས་ཀྱང་སྟོང་གསུམ་གྱི་སའི་རྡུལ་ལས་ཀྱང་མང་བར་དམིགས་པ་སྟེ། ཡན་ལག་ལྔ་ཆར་ཞེས་པ་ཡང་མགོ་དང་ལག་པ་གཉིས་རྐང་པའི་པུས་མོ་གཉིས་ཏེ་ལྔ་ལ་བྱ་ཞིང་དེ་དག་ལྔ་པོས་གུས་པའི་ཚུལ་གྱིས་ས་ལ་བཏུད་པར་བྱའོ། །མདོ་གཡུང་དྲུང་ཀློང་རྒྱས་ལས། བདེ་བར་གཤེགས་པ་མ་ལུས་ཐམས་ཅད་ལ། བདག་ལུས་སྟོང་གསུམ་རྡུལ་དུ་དམིགས་ནས་ནི། མགོ་དང་ལག་དང་རྐང་པའི་པུས་མོ་དང་། ཡན་ལག་སྨད་ལྔ་ས་ལ་རབ་བཙུགས་ནས། བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ངག་གིས་ཕྱག་འཚལ་ཚུལ་ལ་ཡང་ཡུལ་ཁྱད་པར་ཅན་གོང་གསལ་གྱི་དྲུང་དུ་ཡང་བདེ་བར་གཤེགས་པའི་གསུང་རབ་བམ་ཡང་ན་དེ་དག་གི་བསྟོད་ཚིག་རྣམས་གཞན་གྱི་ངོར་དད་པ་དང་དྭངས་པ་བསྐྱེད་ནས་སྤྲོ་བ་དང་དགའ་བ་འདྲེན་པའི་ཐབས་སུ་སྙན་པའི་དབྱངས་ཀྱི་སྒོ་ནས་འདོན་པའམ་གྱེར་བ་ལ་བྱའོ། ། གསུམ་པ་ཡིད་ཀྱིས་ཕྱག་འཚལ་ཚུལ་དེ་ཡང་གོང་གསལ་ལུས་ངག་གི་ཕྱག་འཚལ་སྐབས་ལ་སོགས་སུ་དགའ་བ་དང་སྤྲོ་བ་འཕེལ་བའི་སྒོ་ནས་གཞན་དོན་དུ་སེམས་བསྐྱེད་པ་དང་བྱམས་པ་སྒོམ་པ་སྙིང་རྗེ་སྒོམ་པ་ལ་སོགས་སོ། ། གཞན་ཡང་ལོངས་སྤྱོད་རྒྱན་གྱི་ཕྱག་འཚལ་ལུགས་ནི། བླ་མ་འཚལ་ཞིང་ལོངས་སྤྱོད་དབུལ་བ་ལ་བྱ། མོས་པ་ཏིང་འཛིན་གྱི་ཕྱག་ནི། བླ་མ་དང་གདགས་ཡོད་ཡི་དམ་ལ་འཚལ་ཞིང་སྒྲུབ་པ་ཟབ་མོ་དང་དུ་བླངས་པ་ལ་བྱ། འདྲེས་པ་ནན་ཏན་གྱི་ཕྱག་ནི། བོན་ལ་འཚལ་ཞིང་བོན་དང་སེམས་སུ་འདྲེས་པ་དང་བླ་མ་དང་ཐུགས་ཡིད་འདྲེས་པར་བགྱིད་པ་ལ་བྱའོ། །སྐྱེ་འགག་མེད་པ་ཡེ་ཤེས་ཀྱི་ཕྱག་ནི། གདགས་མེད་ཀྱི་བྱང་སེམས་ལ་འཚལ་ཏེ་རྟོགས་པ་རྒྱུད་ཐོག་ཏུ་བསྐྱེད་པར་བྱ་བ་ལ་གསུངས་སོ། ། དེ་ལྟར་ཕྱག་འཚལ་བའི་དགོས་པ་ནི། ཡུལ་ཁྱད་པར་ཅན་གང་དག་གིས་ཐུགས་རྗེས་བཟུང་ཞིང་འཇིགས་པ་ལས་བསྐྱབ་པའི་ཕྱིར་དུ་སྟེ། ཁྱེད་ཀྱི་ཐུགས་རྗེས་ཀུན་ཀྱང་བཟུང་དུ་གསོལ། ཞེས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།
ཕྱག་ (1)
Part of speech བྱ་ཚིག
Definition འཕྱག་གི་མ་འོངས་པ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [ཕྱག]
Present [འཕྱག]
Past [ཕྱགས།]
Imperative [ཕྱོགས།]