37605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཕྱག་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཕྱག་འཚལ་ལོ་ཞེས་པ་ནི་གསུམ་སྟེ། ཐུན་མོང་གི་ཕྱག་དང་། ཐུན་མོང་མ་ཡིན་པའི་ཕྱག་དང་། ཁྱད་པར་བླ་ན་མེད་པའི་ཕྱག་དང་གསུམ་མོ། །ཐུན་མོང་གི་ཕྱག་ནི་གོ་སླའོ། །ཐུན་མོང་མ་ཡིན་པའི་ཕྱག་ནི། ཕྱག་འཚལ་བ་ལ་དམིགས་ཏེ་ཡིད་འཁུ་བ་དང་བྲལ་བའི་དོན་ལ་ཕྱག་འཚལ་བའོ། །ཁྱད་པར་བླ་ན་མེད་པའི་ཕྱག་ནི། བག་ཆགས་ཐམས་ཅད་ཀ་ནས་དག་པས་ཕྱག སྐྱེ་བ་མེད་པར་བཙལ། དངོས་མེད་བློའི་སྤྱོད་ཡུལ་ལས་འདས་པ་སྟེ། དེ་ལས་ཡར་གཤེགས་ཤུལ་དགུང་ལ་ཤུལ་མི་མངའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]