37625

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕྱག་ཆེན་ལྔ་ལྡན་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་གྱ་གསུམ་པ་ཡིན། བརྗོད་བྱ་ནི། བྱང་ཆུབ་སེམས། ཡི་དམ་ལྷ། བླ་མ། ཕྱག་ཆེན། བསྔོ་བ་སྟེ་ལྔ་ལྡན་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། མར་པ་མི་ལ་དྭགས་པོ་ཕག་གྲུ་པ། འཇིག་རྟེན་གསུམ་མགོན་བསོད་གྲགས་རྡོ་རྗེ་གྲགས། ཐོག་ཁ་མཚམས་བཅད་བཅུ་གཉིས་ཉེར་བརྒྱད་པ། སྨན་པ་སྒོམ་ཆེན་ལ་ཕྱི་འདུལ་བ་འཛིན། ངག་དབང་གྲགས་པ་ཤཱཀ་མཆོག་སྤྱང་ལུང་བ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། སྤྱན་སྔ་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་

|; |@@@ | | }}