37629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཆེན་སྐུ་ཕྲེང་དང་པོ་ཀརྨ་གསང་སྔགས་བསྟན་འཛིན་ (1)
Part of speech མིང་ཚིག
Definition ཕྱག་ཆེན་སྐུ་ཕྲེང་དང་པོ་ཀརྨ་གསང་སྔགས་བསྟན་འཛིན་མཆོག་ནི། དུས་རབས་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། བླ་མའི་གཙོ་བོ། ཁམས་སྤྲུལ་སྐུ་ཕྲེང་དང་པོ་ཀརྨ་བསྟན་འཕེལ་གྱི་དྲུང་དུ་བསྙེན་པར་བྱས་ཏེ། མཁས་པའི་དབང་པོར་གྱུར། རྒྱུན་དུ་ཀརྨ་པ་སྐུ་ཕྲེང་གང་རུང་ལ་བསྟེན་པར་གསལ་ཞིང་། དུས་རབས་ལ་དཔག་ན་ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་འཁྲུངས་འདས་དང་མཚུངས་ཤིང་། དེ་ཉིད་ཀྱི་དྲུང་ནས་ཀྱང་གདམས་ངག་སོགས་གསན་མཛད་པར་གྲགས། དུས་རབས་བཅུ་བདུན་པའི་དུས་མགོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫོང་ཟུར་མང་གྲོང་དང་ཉེ་བའི་སར་འབྲུག་ར་གད་ཕྱག་ཆེན་དགོན་ཕྱག་བཏབ་པར་མཛད། སྐབས་དེ་དུས་ཕྱག་ཆེན་ཀརྨ་གསང་སྔགས་བསྟན་འཛིན་མཆོག་གི་བཀྲ་ཤིས་གཡང་ཁ་ཞེས་པའི་ས་དེར་གདན་ས་འདེབས་དགོས་ཐུགས་ལ་དགོངས་ཏེ། རྟེན་འབྲེལ་བརྟགས་པའི་ཆེད་ར་ཞིག་ལ་དུང་དཀར་རྒྱབ་ཅིག་བཀལ་ཏེ་ཕེབས་སྐབས། བཀྲ་ཤིས་གཡང་ཁ་ཞེས་པའི་ས་དེར་མ་སླེབས་ཙམ། ད་ལྟའི་གདན་ས་ཆགས་ཡུལ་དེར་ར་དེས་ས་ལ་ལན་མང་བྲད་པའི་རྟེན་འབྲེལ་ལ་དགོངས་ནས། ཐུགས་སྨོན་དང་སྦྲགས་དུང་དཀར་རྣམས་ཕྱོགས་བཞིར་གཏོར་བར་མཛད་དེ། གདན་ས་ཕྱག་ཆེན་དགོན་ཕྱག་བཏབ། ཡུལ་གྱི་བཤད་སྲོལ་ཞིག་ལ། བུད་མེད་རྣམས་ཀྱི་སྐྲ་ལ་དུང་དཀར་བཏགས་པའི་སྲོལ་ཡང་དེ་ནས་བྱུང་བར་གྲགས་ལ། དུས་ད་ལྟའི་སྐབས་སུའང་གདན་ས་ཆགས་ཡུལ་དེ་ནས་དུང་དཀར་ཆུང་ཆུང་དེ་འདྲ་རྙེད་རྒྱུ་ཡོད། རྒྱབ་རི་གཡུ་ར་ལྷ་རྩེའི་རི་ཟུར་ནས་གྲུབ་ཆུ་གཏེར་ནས་གཏོན་པར་མཛད་ཅིང་། སྒྲུབ་གྲྭ་གོང་འོག་བར་གསུམ་རྒྱ་བསྐྱེད་མཛད་ཅིང་དེའི་ནང་ཐོས་བསམ་སྒོམ་གསུམ་གྱི་རྒྱུད་རིམ་མ་ནོར་བར་གྲུབ་པའི་རྒྱ་མཚན་འཛིན་པའི་རྟོགས་ལྡན་ཡང་མང་པོར་བྱུང་བར་གྲགས། དགོན་པའི་མདུན་ཐང་ཇོ་མོ་སྒར་ཕྱག་བཏབ་པ་ད་ལྟའི་དུས་རབས་བཅུ་བདུན་པའི་ནང་སྐུ་མྱ་ངན་འདས་པ་བཅས་རྣམ་ཐར་མདོར་བསྡུས་སོ། །

{{#arraymap:ཕྱག་ཆེན་སྐུ་ཕྲེང་དང་པོ་ཀརྨ་གསང་སྔགས་བསྟན་འཛིན་

|; |@@@ | | }}