37654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ན་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཡ་གྱལ་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མཆོག་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་སྨོན་ལམ་བཏབ་ནས། འཛམ་བུའི་གླིང་འདིའི་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན། སྤྲུལ་པའི་སྐུར་བསྟན་ཏེ་སངས་རྒྱས་ཀྱི་བསྟན་པ་སྐྱོང་ངོ་། །དེ་ནས་སྟོན་པ་འོག་མིན་གྱི་གཞལ་མེད་ཁང་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་མངོན་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཐམས་ཅད་ཀྱིས་གྲུབ་པའི་རྡོ་རྗེ་ཕྱག་ཏུ་གཏད་པས་ཕྱག་ན་རྡོ་རྗེའམ། རྡོ་རྗེ་འཛིན་པ་ཞེས་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་ཕྱུག་ཆེན་པོ་སོགས་བཀུག་ནས་རི་རབ་རྩེ་མོར་ལྷགས་པའི་ཚེ། ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཞིང་ང་ཡི་བཀའ་ལ་ཉོན་ཅིག་བྱས་པས། དེ་དག་ཆེར་ཁྲོས་ནས་འཇིག་རྟེན་གསུམ་གྱི་དབང་ཕྱུག་བྱེད་པ་པོ་ལྷ་ཆེན་པོ་ཡིན་ན། གནོད་སྦྱིན་ཁྱོད་ཀྱི་ངག་ཅི་ཡི་ཕྱིར་ཉན་ཞེས་མིི་འདུད་པ་ལ། ཕྱག་ན་རྡོ་རྗེས་ཧཱུྃ་ཞེས་བརྗོད་པས། འཇིག་རྟེན་གསུམ་པོའི་དབང་པོ་ཐམས་ཅད་ཁ་སྦུབ་ཏུ་འགྱེལ། ལྷ་ཆེན་པོ་དྲན་པ་མེད་པར་གྱུར་ནས་ཤིའོ། །གཞན་རྣམས་དབུགས་ཕྱུང་སྟེ་བཀའ་སྡོད་དུ་བཞག ལྷ་ཆེན་པོ་ཤི་བ་ལས་གསོས་ཏེ་ལྡང་འདོད་ནའང་ལྡང་མ་ནུས་པས། ཕྱག་ན་རྡོ་རྗེས། ཀྱེ་མ་རུངས་པ་ངའི་བཀའ་མི་ཉན་ཏམ། ལྷ་ཆེན་པོ་ཁྲོས་ཤིང་འཁྲུགས་ཏེ་འགྱེལ་བཞིན་དུ་ང་ཤི་བར་བཟོད་ཀྱི་ཁྱོད་ཀྱི་ངག་ངས་མི་ཉན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ཞབས་གཡོན་པས་མནན། ཞབས་གཡས་པས་ལྷ་མོ་དབུ་མ་མནན་པས། ལྷ་ཆེན་པོར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་མཐིལ་རེག་པའི་རྐྱེན་གྱིས་ཏིང་ངེ་འཛིན་དང་། གཟུངས་དང་རྣམ་པར་ཐར་པའི་བདེ་བ་མྱོང་སྟེ། ལྷ་ཆེན་པོའི་ལུས་ཕྱག་ན་རྡོ་རྗེའི་ཞབས་ལ་ཕུལ་ནས། འོག་གི་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར། ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་སྐྱེས་སོ། །དེ་ལྟ་བུ་གསང་བའི་བདག་པོ་དེ་ཉིད་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོ་དང་། ཤམ་བྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ། དྲང་སྲོང་འགྲོ་བ་དབུགས་འབྱིན་སོགས་སྤྲུལ་པའི་ཚོགས་ཀྱིས་རྒྱུད་ཞུ་བ་དང་། སྡུད་པ་དང་། འཆད་པ་པོ་མཛད་པའི་ཚུལ་བསྟན་ཏོ། །མིང་གི་རྣམ་གྲངས་ལ་མཐུ་ཆེན་ཐོབ་དང༌། མཐུ་སྟོབས་བདག་པོ། རྡོ་རྗེ་ཅན། རྡོ་རྗེའི་དབང་ཕྱུག ཕྱག་རྡོར། ལག་ན་རྡོ་རྗེ། གསང་བའི་རྒྱལ། གསང་བའི་བདག་པོ། གསང་བ་འཛིན་པ་བཅས་སོ། །
Domain ཆོས་ལུགས།
Synonyms ཕྱག་རྡོར། ལག་ན་རྡོ་རྗེ། རྡོ་རྗེ་ཅན། རྡོ་རྗེ་འཛིན། བཛྲ་པཱ་ཎི། རྡོ་རྗེ་དབང་ཕྱུག མཐུ་སྟོབས་བདག་པོ། མཐུ་ཆེན་ཐོབ། གནོད་སྦྱིན་རྒྱལ་པོ། གསང་སྔགས་རྒྱལ། གསང་བདག གསང་བའི་རྒྱལ་པོ། གསང་བ་འཛིན་པ། གནོད་སྦྱིན་སྡེ་དཔོན། གསལ་བའི་བདག་པོ། བྱམས་པའི་མཚན།

{{#arraymap:ཕྱག་ན་རྡོ་རྗེ་

|; |@@@ | | }}

ཕྱག་ན་རྡོ་རྗེ་ (2)
Part of speech མིང་ཚིག
Definition སྒྱུ་འཕྲུལ་གྱི་གཞུང་ནས་བསྟན་པའི་ནང་གི་སེམས་དཔའ་བཞིའམ་ཐུགས་ཀྱི་སེམས་དཔའ་བཞིའི་ཡ་གྱལ་ཞིག
Synonyms བཛྲ་པཱ་ཎཱི། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ། སྙན་གྱི་ཐུགས་ཀྱི་མཆོག

{{#arraymap:ཕྱག་ན་རྡོ་རྗེ་

|; |@@@ | | }}