3773
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ཕྱི་ལོ་ ༡༧༤༢ ལོར་མདོ་སྨད་དབལ་ཤུལ་རྙིང་པའི་ཁྲོད་དུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། གུང་ཚིགས་མང་ཇ་མ་འཚོགས་གོང་དུ་ཤོག་གུ་མདའ་ཚད་བཅོ་བརྒྱད་རེ་སྟར་ཆགས་སུ་འཛིན་ཐུབ་པའི་ཐུགས་འཛིན་ཤིན་ཏུ་བཟང་། ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་ཡིན་པའི་གསུང་བྱོན་ཡང་། དཔོན་སློབ་དེ་ཉིད་ཀྱིས་སྤྲུལ་སྐུ་གདན་དྲངས་མི་ཆོག་གསུངས་ཡོད་པས་གདན་སར་མ་བཀོད། ཀུན་མཁྱེན་འཇིགས་མེད་དབང་པོ་ལས་ཕར་ཕྱིན་སྐབས་དང་པོ་ནས་བརྒྱད་པ་བར་དང་། དབུ་མ་ལུང་རིགས་གཏེར་མཛོད། མཛོད་གནས་དང་པོ་ནས་བརྒྱད་པ་བར་བཅས་གསན་ཞིང་རྒྱུགས་ཕུལ། གཙོས་རྒྱ་མཁར་སྒར་དང་ཨརྒེ་གྲྭ་ཚང་གི་ཁྲིར་བཞུགས། མདོ་སྔགས་ཀྱི་འཆད་ཉན་སྤེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲིར་ཕེབས། འཆད་ཉན་ཡུན་རིང་དུ་མཛད། དགུང་ལོ་ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ལྔ་པ་ཡིན། |