37742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཡུལ་དམིགས་བསལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཁྱིམ་པ་ཡིན་ཡང་སྲིད་པ་ཐ་མ་པ་ཡིན་ན་ནི་དེ་ལ་རབ་ཏུ་བྱུང་བས་ཕྱག་བྱའམ་མི་བྱ་ཞེས་རིག་པས་རྣམ་པར་དཔྱད་པ་མི་འཐད་དེ། ཕྱག་བྱ་དགོས་པས་སོ། །དེ་ལས་གཞན་པའི་ཁྱིམ་པ་ལ་ནི་མ་ཡིན་ཏེ། སྲིད་པ་ཐ་མ་པ་མ་ཡིན་པ་སྐྱེ་རྒ་ན་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་མི་བརྟན་པ་འཁོར་བར་འཁོར་བཞིན་པའི་སེམས་ཅན་ཁྱིམ་པ་རྣམས་ལ་སྔ་མ་བཞིན་དུ་རབ་བྱུང་གིས་ཕྱག་མི་བྱའོ། །འདིས་ཁྱིམ་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཅན་ཡིན་ཡང་སྲིད་པ་ཐ་མ་པ་མ་ཡིན་ན་རབ་བྱུང་གིས་ཕྱག་མི་བྱ་བར་གསལ་ལོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།