37753

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་གསུམ་ (1)
Part of speech མིང་ཚིག
Definition སྔགས། སྦྱང་བྱ་གཞིའི་ཕྱག་རྒྱ། སྦྱོང་བྱེད་ལམ་གྱི་ཕྱག་རྒྱ། སྦྱངས་པ་འབྲས་བུའི་ཕྱག་རྒྱ།
Domain ཆོས་ལུགས།
ཕྱག་རྒྱ་གསུམ་ (2)
Part of speech མིང་ཚིག
Definition ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ།
ཕྱག་རྒྱ་གསུམ་ (3)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རང་བཞིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་གསུམ་སྟེ། སྤར་ཁབ་ལས། དེ་ལས་ཕྱག་རྒྱ་གསུམ་ཐུན་མོང་དུ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་གསུངས་ཏེ། རྟོག་ཚོགས་ཐམས་ཅད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་གསལ་བར་རྫོགས་པའི་ཕྱིར། ཅི་སྣང་བ་རིལ་དཀྱིལ་འཁོར་གྱི་ངོ་བོ་ཉིད་ལས་འདའ་བ་མེད་པ་ནི་རང་བཞིན་གྱི་ཕྱག་རྒྱའོ། །དེ་ཉིད་རྟོགས་པས་དེ་ལྟར་གྱུར་པ་ནི་ལྟ་བའི་ཕྱག་རྒྱའོ། །དེ་དག་མངོན་དུ་གྱུར་པས་ཐམས་ཅད་རིགས་དྲུག་ལ་སོགས་པར་རང་སྣང་བ་ནི་ལྷག་པའི་ཕྱག་རྒྱའོ། །དེ་དག་ནི་ཕྱག་རྒྱ་མཆོག་ཁོ་ནའོ། །ཞེས་གསུངས།
ཕྱག་རྒྱ་གསུམ་ (2)
Part of speech མིང་ཚིག
Definition གཞི་ལམ་འབྲས་གསུམ་གྱི་ཕྱག་རྒྱ་སྟེ། འོད་གསལ་སྙིང་པོ་ལས། རང་བཞིན་གནས་ལུགས་ཀྱི་ཕྱག་རྒྱ་དང། གནས་སྐབས་ལམ་གྱི་ཕྱག་རྒྱ་དང། མཐར་ཐུག་འབྲས་བུའི་ཕྱག་རྒྱ་བཅས་གསུམ་དུ་གསུངས།