37754
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས། |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། དུས་འཁོར་སྦྱོར་དྲུག རྣལ་འབྱོར་འདི་ནི་དཔལ་རྡོ་རྗེ་འཆང་ཆེན་པོའི་རྒྱུད་སྡེ་རྣམས་སུ་ལམ་དང་འབྲས་བུའི་མཐར་ཐུག་པ་ཕྱག་རྒྱ་ཆེན་པོ་ཞེས་བསྔགས་པ་དེ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་ལས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིན་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པ་འོད་ཟེར་དུ་མ་འཕྲོ་བར་བྱེད། ཅེས་གསུངས་ཏེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱག་རྒྱ་མཆོག་སྟེ་ཕྱག་རྒྱ་ཆེན་པོའོ། །དྲི་མེད་འོད་ལས་ཀྱང་། པྲ་ཕབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་གསུངས་ཏེ། དེས་ན་ཕྱག་རྒྱ་ཆེན་པོའི་མིང་ཅན་ནི་བསྐྱེད་རིམ་དང་ལག་པའི་ཕྱག་རྒྱ་སོགས་ལའང་ཡོང་མོད་ཀྱི། ངེས་དོན་ཕྱག་ཆེན་འདི་མཚོན་པར་བྱེད་པའི་བརྡ་ཙམ་ཡིན་ལ། དེ་ལྟར་ན་རྫོགས་པའི་རིམ་པ་གཏན་ལ་འབེབས་པའི་སྐབས་འདིར་ཡང་ཕྱག་རྒྱ་ཆེན་པོའི་ངོས་འཛིན་ཆ་ཤས་མི་འདྲ་བ་ཅུང་ཟད་ཡོད་མོད། གཙོ་བོར་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རྣལ་འབྱོར་ཉིད་བསྔགས་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མ་ཧཱ་ཡོ་ག ཕྱག་རྒྱ་ཆེན་པོ་ནི། སྒྱུ་འཕྲུལ་དྲྭ་བའི་རྣམ་པར་བཤད་པ་ཆུང་ངུ་ལས། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཕྱག་རྒྱ་ཆེ། །ཞེས་དང་། དཀོན་ཅོག་འགྲེལ་ལས། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་བྱ་བ་ནི། སྤྱིར་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་པ་རྣམ་པ་གསུམ་སྟེ། ཕྱག་རྒྱ་སོ་སོའི་ཡོན་ཏན་སྟོན་པའི་དུས་ན་ཕྱག་རྒྱ་ཐམས་ཅད་ལ་ཡང་ཆེན་པོའི་སྒྲ་འཇུག་གོ ། སྐུ་གསུང་ཐུགས་ཀྱི་མཚན་མའི་སྒྲ་འདོམ་པའི་དུས་ན་སྐུ་ཡོངས་སུ་རྫོགས་པའི་མཚན་མ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་གོ ། སྐབས་ལ་ལར་ནི་ཆོས་ཀྱི་སྐུ་མཚན་མ་མེད་པ་ལ་ཕྱག་རྒྱ་ཆེན་པོའི་སྒྲ་འཇུག་སྟེ། སྐབས་ཀྱིས་ནི་ཅི་རིགས་སུ་སྦྱར་བར་བྱའོ། །ཞེས་གསུངས། |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལམ་གྱི་ཕྱག་རྒྱ་བཞིའི་ཡ་གྱལ་ལས། རྫོགས་རིམ་ལྟར་གཟུངས་མ་དང་སྦྱར་བ་ནི། འོད་གསལ་སྙིང་པོ་ལས། ཕྱག་རྒྱ་ཆེན་པོ་ནི་རླུང་སེམས་སྟོང་གཟུགས་ཀྱི་རང་བཞིན་ལྷ་མོར་ཤར་བ་སྟེ་ཕྱག་རྒྱ་དེ་དག་གི་རྒྱས་བཏབ་པ་ལས་མི་འགྱུར་བའི་བདེ་བ་འགྲུབ་པའོ། །ཞེས་གསུངས། 5 རྣལ་འབྱོར་བླ་མེད། རྒྱ་གར་སྐད་དུ། མ་ཧྭ་མུ་དྲ་ཞེས་བྱ། ཕྱག་རྒྱ་ཆེན་པོའི་མཚན་དོན་ནི། རྗེ་གཙང་པ་རྒྱ་རས་དང་རྒོད་ཚང་པ་སོགས་ཀྱིས་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས་མདོག་མ་བསྒྱུར་བར་དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ན་ཕྱག་རྒྱ། དེ་ལས་ལོགས་སུའམ་དེའི་ཕན་ནམ་གོང་ན་ཆོས་གཞན་གང་ཡང་མེད་པས་ན་ཆེན་པོ་ཞེས་ཟེར་བ་ཡིན་གསུངས་ཤིང་། རྗེ་ཀུན་དགའ་བསྟན་འཛིན་གྱིས། དཔེར་ན་བླ་མ་དང་རྒྱལ་པོ་ལྟ་བུར་སྐྱེ་བོ་རྣམས་ཀྱིས་མཇལ་ནས་ཕྱག་བྱེད་པ་བཞིན། འདིར་ཡང་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་རིག་པའི་རྟོག་པ་སོགས་ཐམས་ཅད་རང་གྲོལ་སེམས་ཉིད་དེ་ལ་འདུད་དགོས་ཤིང་ཕྱག་བྱེད་པ་ལྟར་ན་ཕྱག་བྱེད་ཅེས་བྱ། དེ་དོན་དུ་ན་རང་གྲོལ་ཆོས་སྐུའི་གཤིས་ཡིན་པས་ན་གཙོ་བོ་ལྟ་བུ། ཉོན་མོངས་སྒྲིབ་པ་རྣམ་རྟོག་སོགས་དེའི་མདངས་ཡིན་པས་ན་འབངས་འཁོར་ལྟ་བུ། དེས་ན་ཇི་ལྟར་ཡང་གཤིས་ལས་མི་འདའ་བས་ན་རྒྱ་ཞེས་བྱ། ཐེག་པ་ཆེ་ཆུང་གསང་སྔགས་ཀྱི་ཆོས་ཀུན་ལས་ཆེས་ཆེར་ཟབ་ལྷག་ཆེ་བས་ན་ཆེན་པོ་ཞེས་ཚིག་ཏུ་བརྗོད་པ་ཡིན། ཕྱག་རྒྱ་ཆེན་པོ་འདིར་མཚན་གྱི་རྣམ་གྲངས་ནི། ཕྱག་རྒྱ་ཆེན་པོ། གདོད་མའི་མགོན་པོ། སེམས་ཉིད་ལྷན་སྐྱེས། སེམས་ཀྱི་དཀྱིལ་འཁོར། གཞི་གཉུག་མའི་ངོ་བོ། རང་བཞིན་གྱིས་འོད་གསལ་བ། བདེ་བར་གཤེགས་པའི་སྙིང་པོ། ཆོས་ཀྱི་སྐུའི་བཞུགས་ཚུལ། ཞེས་སོགས་མང་བར་གསུངས་སོ། ། |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འབྲས་བུ་མཐར་ཐུག་གམ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང༌། དེ་ལ་རྒྱས་འདེབས་པའི་རྣམ་པ་ཐམས་ཅད་པའི་གཟུགས་སྐད་ཅིག་དང་པོར་ཐོབ་པ་དེ་ལས་བྲི་བ་དང་། གང་བ་མེད་པར་ཡེ་ཇི་བཞིན་པའི་ངོ་བོ་ཉིད་ཀྱིས་ནམ་མཁའི་ཇི་སྲིད་པ་དེ་སྲིད་དུ་རྟག་ཏུ་གནས་ཤིང་། གཞར་ཡང་དེ་ལས་འདར་མི་སྤྱོད་པ་ཉིད་ཀྱིས་ཕྱག་རྒྱ་ཡིན་ལ། སྤོང་བ་དང་རྟོགས་པ་དང་སེམས་ཏེ་ཆེན་པོ་གསུམ་དང་ལྡན་པས་ན་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། ། |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་འཁྲུལ་བ་གློ་བུར་བ་བསལ་ནས། རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱ་བ་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་བཞིའི་ཡ་གྱལ་ཞིག |
{{#arraymap:ཕྱག་རྒྱ་ཆེན་པོ་
|; |@@@ | | }}