37755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕྱག་རྒྱ་ཆེན་པོ་གའུ་མའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་བདུན་པ་ཡིན། བརྗོད་བྱ་ནི། སྔོན་འགྲོ་རང་བབས་རྣམ་གསུམ་དང་། དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་མཐར་སྐུ་བཞི་རང་ཤར་རྣམས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ནཻ་གུ་ཆོས་དྲུག་སོགས་དང་འདྲ་བའམ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཡན་གྱི་བརྒྱུད་རིམ་མི་གསལ། རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། སྤྱན་སྔ་བའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།