37767

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཞེ་དགུ་པ་ཡིན། བརྗོད་བྱ་ནི། སྣང་གྲགས་འཁོར་འདས་ཐམས་ཅད་སེམས་དང་དེ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པར་རྟོགས་པའི་ཐབས་དམིགས་རིམ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། སྒྲོལ་མ་ངག་གི་དབང་ཕྱུག་པཎྜི་ཏཱ། དེ་ཝ་ཨཱ་ཀ་ར་དང་ཨ་མོ་གྷ། འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང་། ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང་། དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལག་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།