37775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རུ་དྲ་འདུལ་བའི་ཕྱིར་དྲག་པོའི་སྐུར་བཞེངས་པའི་ཁྲོ་བོ་སྟེ། ཁྲོ་བོ་རྣམ་གསུམ་གྱི་ཡ་གྱལ་ལས་མཐའ་མའོ། །འདིའི་དོན། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ནི་གདུལ་བྱ་གདུག་པ་ཅན་གདུལ་བའི་ཕྱིར་སྐུ་མདོག་དང་རྒྱན་ཆས་སུ་སྣང་བ་སྟེ། དེ་ཡང་དྲང་སྲོང་ཁྲོས་པའི་ཆ་བྱད་དང་། མིའུ་ཐུང་བྱིས་པའི་ཆ་བྱད་དང་། དཔལ་ཆེན་རྔམ་བརྗིད་ཀྱི་ཆ་བྱད་ཅན་ཏེ། འབར་བ་ཆེན་པོའི་གར་དགུ་དང་ལྡན་པའོ། །དེ་ལྟར་ཁྲོ་བོ་གསུམ་ལས། འདིར་ཕྱི་མ་སྟོན་ཏེ། དེ་དགོས་ཆེད་ཅིའི་ཕྱིར་ཞེ་ན། རུ་དྲ་འདུལ་བའི་ཕྱིར་དུའོ། །ཞེས་གསུངས།
Domain ཆོས་ལུགས།