From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་རྒྱ་བདུན་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྐང་པ་སྐྱིལ་ཀྲུང༌། ལག་པ་མཉམ་བཞག། སྐེད་པ་དྲང་མོར་བསྲང་བ། ལྕེ་རྩེ་རྐན་ལ་སྦྱར་བ། མགོ་བོ་མ་ཡོ་བ། མིག་སྣ་རྩེར་ཕབ་པ། དཔུང་པ་ཐད་ཀར་བརྐྱངས་པའོ། །
|
| Domain
|
ཆོས་ལུགས།
|
ཕྱག་རྒྱ་བདུན་ (2)
| Part of speech
|
མིང་ཚིག
|
| Definition
|
མ་ཧཱ་ཡོ་ག བཅའ་བ་དམ་ཚིག་གི་ཕྱག་རྒྱ། བསམ་པ་ཆོས་ཀྱི་ཕྱག་རྒྱ། བསམ་པ་དམ་ཚིག་གི་ཕྱག་རྒྱ། བཅའ་བ་ལས་ཀྱི་ཕྱག་རྒྱ། བསམ་པ་ལས་ཀྱི་ཕྱག་རྒྱ། བརྗོད་པའི་ཆོས་ཀྱི་ཕྱག་རྒྱ། སྐུ་ཕྱག་རྒྱ་ཆེན་པོ་བཅས་བདུན་ནོ། །འདི་དག་ཕྱག་རྒྱ་བཞིར་འདུ་བར་གསུངས་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། མདོར་ན་ཕྱག་རྒྱ་བདུན་གསུངས་ཀྱང་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་བསམ་པ་ལས་ཀྱི་ཕྱག་རྒྱ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས། བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་བསམ་པ་དམ་ཚིག་གི་ཕྱག་རྒྱ་གཉིས་དམ་ཚིག་གི་ཕྱག་རྒྱ་གཅིག་ཏུ་བགྲངས། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ཆོས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས་ཏེ། དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་ཡང་གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པའི་དོན་ནོ། །ཞེས་གསུངས།
|