37793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་བཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཕྱག་རྒྱ་བཞི་ནི། རྣལ་འབྱོར་རྒྱུད་ཀྱི་ཐེག་པའི་བསྒོམ་བྱ་སྟེ། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་དང་། སྐུ་ཕྱག་ཆེན་གྱི་ཕྱག་རྒྱ་དང་། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་བཞིའོ། །
Domain ཆོས་ལུགས།
ཕྱག་རྒྱ་བཞི་ (2)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག སྐུ་ཕྱག་རྒྱ་ཆེན་པོ། ཐུགས་དམ་ཚིག་གི་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། ཕྲིན་ལས་ལས་ཀྱི་ཕྱག་རྒྱའོ། །
ཕྱག་རྒྱ་བཞི་ (3)
Part of speech མིང་ཚིག
Definition རྣལ་འབྱོར་རྒྱུད་ཀྱི་སྒོམ་པའི་ཕྱག་རྒྱའི་རྣལ་འབྱོར་བཞི་སྟེ། ལས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་བཅས།