37794
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཕྱག་རྒྱ་བཞི་ག་ཏན་ལ་དབབ་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བུ་སྟོན་ཆོས་འབྱུང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཕྱག་རྒྱ་བཞི་བསྟན་པ་ཆོས་འབར་གྱི་འགྱུར་འདི་ཀླུ་སྒྲུབ་གྱིས་བྱས་པ་མིན་པར་སྙེར་བཤད་ཅེས་འཁོད། བསྟན་འགྱུར་རྒྱུད་ཝི་པར་བཞུགས། |