37825
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། ཕྱག་རྒྱའི་ལམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཞེ་བརྒྱད་པ་ཡིན། བརྗོད་བྱ། སྐྱབས་སེམས་ལུས་གནད་སྤྱི་མཐུན་དང་། རླུང་སྦྱོར་བུམ་ཅན་སྒོམ་པ་དང་། མཚན་ཉིད་བཞི་ལྡན་ལྟ་བ་སྟེ། བསལ་སྟོང་དབྱེར་མེད་རིག་སྟོང་དང་། བདེ་སྟོང་དབྱེར་མེད་ཅེས་བྱ་བ། ཐོས་བསམ་སོགས་ཀྱིས་སྒོམ་པར་བསྟན། དེ་ནས་ཡེ་ཤེས་ཕྱག་རྒྱ་ཡིས། ལྷན་སྐྱེས་ཡེ་ཤེས་མངོན་ཐབས་བསྟན། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོར་འཆང་ཨིནྡྲ་ཚངས་ཞབས་བྲམ་ཟེ་མོ། གྲུབ་རྡོར་ཨིནྡྲ་དབུ་མ་གོས་བྲལ་ཞབས། ཛྙཱ་ན་ཤྲཱི་པདྨ་བཟང་པོ་པ། ཡན་ལག་མེད་རྡོར་བུང་པད་ལྕམ་ལེགས་སྨིན། ཨིནྡྲ་རིན་ཆེན་རྡོ་རྗེ་ཤེས་རབ་གསང་། འབྲོག་མི་ལོ་ཙཱ་སེ་སྟོན་ཀུན་རིག་དང་། ཞང་སྟོན་ཆོས་འབར་ས་སྐྱའི་གོང་མ་ལྔ། དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང་། དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྗེ་བཙུན་གྲགས་པས་མཛད་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |