3783
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྡུས་བརྗོད་ཀྱི་རྒྱན་གྱི་ནང་གསེས་གཉིས་པ་སྟེ། བརྗོད་པར་འདོད་པའི་དངོས་པོ་གཉིས་ཀྱི་ཁྱད་གཞིའི་ངོ་བོ་ཐ་དད་ཅིང་། དཔེ་དོན་དེ་གཉིས་ཀྱི་ཁྱད་ཆོས་སོ་སོ་བ་ཡང་། སྒྲས་འཇུག་པ་གཅིག་པའི་སྒོ་ནས་མཚུངས་པ་ཤུགས་ཀྱིས་བསྡུས་པ་སྟེ་བསྡུ་བྱ་བསམ་བྱའི་ཡུལ་དེའི་ཁྱད་ཆོས་ཐམས་ཅད་སྡུད་བྱེད་དཔེ་ཡི་ཁྱད་ཆོས་རེ་རེ་ལ་ཚུར་བསྡུས་ནས་བརྗོད་པ་ལྟ་བུ་ཞིག་ལ་ཟེར། |
| Example | བོད་མཁས་པས། འཁྲིལ་ལྡེམ་རྣམ་བཀྲ་མཛེས་པའི་ཆུ་བར་བརྟེན། །འཇམ་གཉེན་འདབ་མའི་དཔལ་རྒྱས་དྲི་བསུང་ཞིམ། ། གེ་སར་ཕུན་ཚོགས་པད་དཀར་སྡོང་བུ་འདི། །ཁོ་བོའི་ཉེར་སྤྱད་མཆོག་ཏུ་རྣམ་པར་རྒྱུ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |