37839
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་ཆེན་གསང་བ་འདུས་པ་ལས། ཕྱག་རྡོར་གྱི་ཟློག་པ་བྱད་མ་འབུམ་བྱུག ཅེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། བདག་ཉིད་རྡོ་རྗེ་གཏུམ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་མེད་དུ་བསྟིམས་པས་རྦད་འདྲེ་རྦོད་གཏོང་གནོད་བྱེད་ཐམས་ཅད་ཀྱི་རང་གཤེད་རང་ལ་བཟློག་པར་བྱ་ཚུལ་བསྟན། |
| Domain | ཆོས་ལུགས། |