37846
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དམར་སེར་གྲོ་མའི་རྩ་བ་འདྲ་བ་ལ་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ལྗང་ལ་ནག་ཅིང་ཕྲ་བ་རྐང་རེར་སྐྱེ་བའི་སྟོད་ཆ་ནས་ཡལ་ག་དང་ཡལ་ཕྲན་གྱེས་པ། རིང་ཐུང་སྐྱེ་གནས་དབང་གིས་སྣ་ཚོགས་ཡོད་ཀྱང་རིང་ཤོས་ཁྲུ་གང་ཙམ་ལས་མེད། ལོ་མ་ལྗང་སེར་ཆུང་ལ་ཟླ་ཚེས་ཀྱི་དབྱིབས་ཅན་རེས་རེ་མོས་སུ་སྐྱེ་བ་དེ། མེ་ཏོག་འཆར་དུས་ས་ལ་ལྷུང་བས་མཐོང་དཀའ། མེ་ཏོག་སེར་པོ་དང་དཀར་པོ་ཆུང་བ་འདབ་མ་ལྔ་དང་ལྡན་པ་དེ་སྡོང་པོ་དང་ཡལ་ག་རྣམས་ཀྱི་རྩེར་འཆར་བ་ལོ་སྡོང་ཡོངས་སུ་འབྱར་རྩི་ཤིན་ཏུ་མང་བས་འཆང་ན་ལག་པར་འབྱར་བ་དང༌། འབུ་དང་སྦྲང་བུ་སོགས་འབྱར་ནས་ཡོད་པ་ཞིག་སྟེ། ཉིང་ཁྲི་ས་ཁུལ་སྨན་གླིང་དང༌། སྤོ་ཡུལ་སོགས་ཤིང་ནགས་ས་ཁུལ་གྱི་ན་གཤོངས་དང༌། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བ་དང༌། དེ་བཞིན་ལྷོ་བྲག་མཁར་ཆུར་སྐྱེ་བ་བཟང་བར་བཤད། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ། གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་སྣུམ་པས་ཁྲག་མཁྲིས་འཇོམས་ཤིང༌། བཅུད་ལེན་དུ་བསྟེན་ན་ལུས་ཀྱི་སྟོབས་མདངས་རྒྱས་ཤིང༌། རྩལ་དང་ལྡན་ལ་ཚེ་རིང་བ་དང༌། མིག་ལ་སོགས་པ་དབང་པོ་རྣམས་གསལ་བར་བྱེད་པ་ཡིན། |
| Domain | གསོ་རིག |