From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་སྦུག་ (1)
| Part of speech
|
མིང་ཚིག
|
| Definition
|
གྲྭ་ཚང་གི་དཔལ་འབྱོར་དོ་དམ་བྱེད་མཁན་གྱི་རིགས་ཤིག་སྟེ། དེ་སྔོན་སེ་འབྲས་དགེ་གསུམ་གྱི་གྲྭ་ཚང་སོ་སོའི་མཆོད་གཞིས་ཐོག་ནས་ཁྲལ་བསྡུ་རྒྱུ་དང་གྲྭ་པར་གཏོང་སྒོ་གཏོང་རྒྱུ་སོགས་དཔལ་འབྱོར་གྱི་དབང་ཆ་དང༌། ཆོས་ཁྲིམས་ཀྱི་དབང་ཆ་ཚང་མ་མཁན་པོའི་ལག་ཏུ་བཟུང་ཡོད་སྟབས་གྲྭ་པ་དམངས་དང་མཁན་པོའི་བར་གྱི་འགལ་ཟླ་ཚབས་ཆེ་རུ་སོང་སྟེ། སྲིད་གཞུང་ལ་ཞུ་གཏུགས་བྱེད་དགོས་པ་སོགས་བྱུང་བར་བརྟེན་མཁན་པོར་གྲྭ་ཚང་ནས་ཕོགས་སྤྲོད་རྒྱུ་མ་གཏོགས། དཔལ་འབྱོར་ཐོག་གི་དབང་ཆ་མེད་པར་བཟོས་ནས་གྲྭ་ཚང་གི་དཔལ་འབྱོར་དོ་དམ་བྱེད་མཁན་ཕྱག་མཛོད་སྦུག་པ་ཟེར་བ་མི་ཁ་ཤས་ཟུར་དུ་བསྐོ་གཞག་བྱས་ཡོད་པ་དེ་ཡིན།
|
ཕྱག་སྦུག་ (2)
| Part of speech
|
མིང་ཚིག
|
| Definition
|
བང་མཛོད་ནང་མའི་དོན།
|
| Example
|
ཕྱག་སྦུག་ནང་གི་ནོར་རྫས། རྒྱུ་ནོར་རྩ་ཆེན་ཕྱག་སྦུག་ནང་དུ་ཉལ་ཡོད།
|