37873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། རང་ལོའི་དབང་ཁམས་གནམ་ལོའི་དབང་ཁམས་ཀྱིས་གཅོད་པའི་ལོ་དེར། བབས་སྨེ་བཞི་ལྗང་ལ་འབབ་པའི་བུ་མོ་དག་གནས་ལ་འགྲོ་བའི་བག་མ་ལ་ཟེར་ཞིང་། བག་མ་དེ་རིགས་ཁྱོ་སྐུད་ནོར་དང་ཕ་མིང་སོགས་ལ་ངན་པས། བཅོས་སུ་འབྲུག་གི་གཟུགས་བདུན་བཅོས་ནས་ཤར་ལྷོར་ལོ་མཉམ་གྱིས་བསྐྱལ་ན་བཟང་བར་བཤད། གལ་སྲིད་སྨེ་ཕྲེང་བར་མཆི་ཆུ་སྤྲེལ་ལོ་མ་སུ་ཞིག་མོ་ལོ་ཉེར་བདུན་ལ་བུད་པར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ཁྱིའི་དབང་ཁམས་ས་དེ་རང་ལོ་སྤྲེལ་གྱི་དབང་ཁམས་ཆུའི་དགྲ་ཡིན་པས་གཅོད་པ་མ་ཟད། སྐྱེས་སྨེ་ལྔ་སེར་དབུས་བཞག་གིས་བསྐོར་བའི་དུས་དེའི་བབས་སྨེ་ཡང་སྨེ་བ་བཞི་ལྗང་སྟེང་དུ་འབབ་པས། བུ་མོ་དེ་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན། གཞན་ཡང་བུ་མོ་སུ་ཞིག་གསང་ཀེག་རྐུན་བུས་རྩུབ་པ་ཚུད་པའི་ལོ་དེར་གནས་ལ་འགྲོ་བའི་བག་མ་ལ་ཡང་ཕྱག་ཤིང་ཐོགས་པའི་བག་མ་ཟེར་ཞིང་། དུས་དེར་བརྫངས་ན་ངན་པས། བཅོས་ཐབས་ལ་བག་མའི་ལག་ཏུ་ཕྱགས་ཤིང་བཞག དེ་སྙེད་མོས་ཕྲོགས་ནས་བསྐྱུར་དགོས། |
| Domain | རྩིས་རིག |