37918

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ (1)
Part of speech མིང་ཚིག
Definition ཁང་པ་དང་ར་སྐོར་སོགས་ཀྱི་ནང་རོལ་མིན་ནའང་ནང་རོལ་དང་བར་ཐག་ཉེ་བའི་གནས་ཏེ།
Keyword True
Example ཕྱི་ལ་སོང་ན་སྒོ་གཏན། ད་ང་འགྲོ་རྒྱུ་ཡིན། རོགས་པས་ཕྱི་ན་བསྒུགས་ཡོད་ལྟ་བུ།
Antonyms ནང་།
ཕྱི་ (2)
Part of speech མིང་ཚིག
Definition རྒྱབ་ཕྱོགས་ཀྱི་དོན།
Keyword True
Example ཕྱི་ལ་བལྟས་པ། ཁ་ཕྱི་ལ་འཁོར་བ་ལྟ་བུ།
ཕྱི་ (3)
Part of speech མིང་ཚིག
Definition དུས་ཚོད་དང་བྱ་བའི་སྔ་ཕྱིའི་གཞུག་མའམ་རྗེས་མ་སྟེ།
Keyword True
Example རྒྱལ་ཁ་ཐོབ་པའི་ཕྱི་ཉིན་སྟོན་མོ་བྱས། ཕྱི་ལོ་ང་ཚོ་མཉམ་དུ་ལྷ་སར་འགྲོ་ལྟ་བུ།
Antonyms སྔ།
ཕྱི་ (4)
Part of speech མིང་ཚིག
Definition རྒྱལ་ཁབ་གཞན་པ་སྟེ།
Keyword True
Example ཕྱི་གླིང་གི་ཡུལ་གྲུ། ཕྱི་འབྲེལ་ལས་ཁུངས་ལྟ་བུ།
Antonyms ནང་།
ཕྱི་ (5)
Part of speech མིང་ཚིག
Definition ཁྱིམ་ཚང་གཞན་པའམ་ས་ཆ་གཞན་པའི་མི་སྟེ།
Keyword True
Example ཕྱི་མི་ཡོད་སར་མིག་ལ་མ་སྟོན། ཕྱི་མི་ཡོང་མཁན་ཡོད་ན་སྣེ་ལེན་ཡག་པོ་བྱ་དགོས་ལྟ་བུ།
Antonyms ནང་།
ཕྱི་ (6)
Part of speech མིང་ཚིག
Definition གཞུག་གམ་རྗེས་ཏེ།
Keyword True
Example ངའི་ཕྱི་ལ་ཤོག ཁོའི་ཕྱི་ལ་མ་འགྲོ། ང་ཁྱོད་ཀྱི་ཕྱི་ནས་ཡོང་གི་ཡིན། བཀྲ་ཤིས་ང་ཚོའི་ཕྱི་ན་ཡོང་བཞིན་འདུག་ལྟ་བུ།
ཕྱི་ (1)
Part of speech བྱ་ཚིག
Definition རི་མོ་དང་རྡུལ་སོགས་མེད་པར་བྱེད་པའི་དོན་གྱི་འབྱིད་ཀྱི་འདས་པ།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [དབྱི།]
Present [འབྱིད།]
Past [ཕྱི།]
Imperative [ཕྱིས།]