37925

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་གཟའི་དབང་ཐང་ (1)
Part of speech མིང་ཚིག
Definition བཏགས་པའི་གཟའ་གསུམ་གྱི་ཡ་གྱལ་ལོ་རྒན་དྲུག་ཅུའི་དབང་ཐང་ལ་སྦྱར་བའི་ཕྱི་གཟའ་གང་ཡིན་པ་དེའི་ཁམས་ལ་ཟེར་ཞིང་། འབྱུང་ཁམས་དེས་ནང་དང་བར་གྱི་གཟའི་ཁམས་ལ་གཅོད་འདྲལ་བྱས་ན་རྡེའུ་དཀར་ནག་གང་ལ་འབབ་པ་བརྟག་པ་ནི་རྩ་བའི་ལྷན་ཐབས་ལུགས་ཡིན། གལ་སྲིད་བརྩི་བྱ་དག་གི་རང་ལོའི་དབང་ཁམས་ལྕགས་ཡིན་པར་ཆ་བཞག་ན། ཕྱི་གཟའི་དབང་ཐང་ནི་དབང་ཁམས་ལྕགས་ལ་སྦྱར་བའི་ཕྱི་གཟའ་སྤེན་པའི་ཁམས་ས་ཡིན་པ་ལྟ་བུ། གཞན་དུ་བརྩི་བྱ་དག་གི་རང་ལོའི་དབང་ཁམས་ནི་ཕྱི་གཟའི་དབང་ཐང་ཡིན་པར་ངོས་བཟུང་འདུག་པ་ཡང་ཡོད་ཀྱང་། སྐབས་འདི་གཟའ་བཞིའི་ཀླུང་རྩིས་འཆད་པའི་སྐབས་ཡིན་པས་སྔ་མ་དེ་ལེགས་པར་འདོད།
Domain རྩིས་རིག