37941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ཉེར་སྤྱོད་ཀྱི་མཆོད་པ་བདུན་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཆོད་པ་བཞིའི་ཡ་གྱལ་ལས་དང་པོ་སྟེ། འོད་གསལ་སྙིང་པོ་ལས། དང་པོ་ཕྱི་མཆོད་ལའང་། ཕྱག་རྒྱ་གར། བསྟོད་པ་གླུ། ཏིང་འཛིན་ཡིད། སྣ་ཚོགས་འདོད་ཡོན། རྨད་བྱུང་མཐུན་རྫས། ཁྱད་འཕགས་ཐབས། སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པའམ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་མཆོད་པ་དང་བདུན་ནོ། །ཞེས་གསུངས། པཱུ་ཛའི་སྐབས་སུའང་གཟིགས།
Domain ཆོས་ལུགས།