3795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་དུ་གསོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་བླ་མའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།
ཁྱད་དུ་གསོད་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་འདུལ་བ་ཁྱད་དུ་གསོད་པའི་ཚིག་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆོས་ཁྱད་དུ་བསད་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འདུལ་བའི་ཚིག་ལ་ཁྱད་དུ་གསོད་པའི་ཚིག་དགེ་སློང་གཞན་ལ་སྨྲ་ཞིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ངོ་བོ་ནི། དགེ་སློང་གིས་འདུལ་བའི་བསླབ་བྱ་ཕྲ་བ་དག་ཁྱད་དུ་གསོད་པའི་ངག་གི་རིག་བྱེད་ཀྱི་ལྟུང་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།