37953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། དཔལ་ལྡན་འདུས་པ་མདོའི་དབང་མཆོག་སོ་དྲུག་ལས་ཕན་དབང་ངམ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ནི། བཀའ་རྟགས་ཕྱག་རྒྱའི་དབང་། རྟགས་ཀྱི་མཚན་མའི་དབང་། ཤེས་རབ་གཟུངས་ཀྱི་དབང་། བཀྲ་ཤིས་བུམ་པའི་དབང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་། རིན་ཆེན་སྣ་བདུན་གྱི་དབང་། ཁྱད་པར་གདན་ཁྲིའི་དབང་། རྒྱན་ཆ་རྟགས་ཀྱི་དབང་། རྡོ་རྗེ་མིང་གི་དབང་། རིན་ཆེན་འཁོར་ལོའི་དབང་དང་བཅུའོ། །
Domain ཆོས་ལུགས།