37959
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་དུར་ཁུག་པའི་དགུ་མིག་བཞིན། །བརྩིས་པས་ཤིང་དུར་ལུག་དང་ནི། །མེ་དུར་ཁྱི་ལ་ལྕགས་དུར་གླང་། །ས་ཆུ་འབྲུག་ལ་དུར་དུ་ཞུགས། །དེ་ཡང་དབང་མཐུན་ནས་བགྲངས་པས། །རང་དུར་ཆེ་ཆུང་གཉིས་དང་ནི། །གཤེད་དུར་གཉིས་དང་བཞི་རེ་ཡོད། །དཔེར་ན་ཤིང་བྱའི་རང་དུར་ནི། །ཆེ་བ་ཤིང་འབྲུག་ཆུང་ཤིང་ཁྱི། །གཤེད་དུར་ཆེ་བ་ལྕགས་འབྲུལ་ལ། །ཆུང་བ་ལྕགས་ཁྱི་མེ་བྱི་ཡི། །རང་དུར་ཆེ་བ་མེ་འབྲུག་ལ། །ཆུང་བ་མེ་ཁྱི་གཤེད་དུར་གཉིས། །ཆུ་འབྲུག་ཆུ་ཁྱི་སོགས་ཤེས་བྱ། །རང་དུར་རང་ལ་གཤེད་དུར་ནི། །དགྲ་ལ་བཙལ་བས་ཤེས་པར་འགྱུར། ། |
| Domain | རྩིས་རིག |